མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དམངས་གཙོ་རྒྱལ་འཛུགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་མཱ་ཕེས་ཧྭ་ཡིས་མཚོ་སྔོན་ལ་རྟོག་ཞིབ་བྱས་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-14 10:26

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས9ཉིན་ནས་ཚེས12ཉིན་བར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དམངས་གཙོ་རྒྱལ་འཛུགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་མཱ་ཕེས་ཧྭ་ཡིས་མཚོ་སྔོན་གྱི་བྱ་བར་རྟོག་ཞིབ་བྱས། རྟོག་ཞིབ་བྱེད་སྐབས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་དང་ཧྲིན་ཀྲང་ཧའོ་ཕུན་གཉིས་མཱ་ཕེས་ཧྭ་སྡོད་སར་སོང་སྟེ་སྐོར་བརྒྱབ། ལོ་ཧོས་ཉིན་དང་རིན་ཆེན་རྒྱལ། ཝང་ཞའོ་ཆིན། བསྟན་ཁོ། ཀའོ་ཡུང་ལུང་། ཁྲིན་ཙི་ཆོན་བཅས་ཀྱིས་མཉམ་དུ་རྟོག་ཞིབ་དང་བཞུགས་མོལ་བྱས།

རྟོག་ཞིབ་བྱེད་སྐབས། མཱ་ཕེས་ཧྭ་2013ལོའི་ཀྲུང་གོ་མཚོ་སྔོན་ལྷད་མེད་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ཚོང་གཏམ་གྲོས་ཚོགས་ཀྱི་མགོ་རྩོམ་པའི་མཛད་སྒོར་ཞུགས། མཚོ་སྔོན་གྱི་ལས་བྱེད་པ་དང་བཞུགས་མོལ་བྱེད་སྐབས། མཱ་ཕེས་ཧྭ་ཡིས་བཤད་རྒྱུར། ཐེངས་འདིར་མཚོ་སྔོན་དུ་ཡོང་སྟེ། མཚོ་སྔོན་ལ་འགྱུར་ལྡོན་ཆེན་པོ་བྱུང་བ་དང་། མཚོ་སྔོན་གྱི་རྣམ་པ་ཉིན་རེ་བཞིན་ཡར་རྒྱས་གོང་འཕེལ་དུ་སོང་བ་དངོས་སུ་མཐོང་ཞིང་། མཚོ་སྔོན་མི་དམངས་ཀྱི་སྙིང་སྟོབས་དང་འཕེལ་རྒྱས་ཀྱི་ཡིད་ཆེས་ཀྱིས་ཁེངས་པའི་རྣམ་པ་ཉམས་སུ་མྱོང་ཐུབ་ཟེར།

ཟླ་དྲུག་པའི་ཚེས་བཅུ་གཅིག་ཉིན། མཱ་ཕེས་ཧྭ་ཡིས་དམངས་གཙོ་རྒྱལ་འཛུགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་གཞི་རིམ་གྱི་འཐུས་མི་ཁ་ཤས་ལ་ཐུག་འཕྲད་བྱས་པ་དང་། དམངས་གཙོ་རྒྱལ་འཛུགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་དམངས་གཙོ་རྒྱལ་འཛུགས་གཞི་རིམ་རྩ་འཛུགས་ཁ་ཤས་ཀྱི་རྩ་འཛུགས་བྱ་བའི་གནས་ཚུལ་ཡར་ཞུར་ཉན་པར་མ་ཟད་བཞུགས་མོལ་བྱས། མཱ་ཕེས་ཧྭ་ཡིས་དམངས་གཙོ་རྒྱལ་འཛུགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་བྱ་བར་ཁས་ལེན་གང་ལེགས་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག