མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཀྱིས་ཆེད་དོན་གན་རྒྱ་འཇོག་པའི་མཛད་སྒོ་དེ་ཟི་ལིང་མཁར་ལྷོའི་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ནས་ཚོགས་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-14 10:26

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས11ཉིན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཀྱིས་ཟི་ལིང་མཁར་ལྷོའི་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ནས་ཆེད་དོན་གན་འཇོག་མཛད་སྒོ་བསྡུས།

གན་འཇོག་མཛད་སྒོའི་སྟེང་ནས་སྔ་གཞུག་ཏུ་ལས་གཞི་སུམ་ཅུ་ལ་གན་རྒྱ་བཞག་པ་དང་། གན་རྒྱའི་དངུལ་གྲངས་ཐེར་ཆེན་གཅིག་དང་ཐེར་འབུམ་གསུམ་དུང་ཕྱུར་བརྒྱད་ལ་སླེབས། ལས་གཞི་འདི་དག་གི་ཁྲོད་དུ་བཟོ་ལས་དང་རིག་གནས་ཡུལ་སྐོར་ཐོན་ལས། དེང་རབས་སྒྲིག་ཆས་ཀྱི་ཞིང་ལས། གཏེར་ཁ་སྔོག་འདོན། ནུས་ཁུངས་གསར་བའི་འཛུགས་སྐྲུན་སོགས་ཀྱི་ལས་གཞི་ཡོད་པ་དང་། ཀན་སུའུ་ལན་དབྱང་སྡེ་ཚོགས་དང་མཚོ་སྔོན་ལེ་ཉའོ་འོད་རིག་ཚན་རྩལ་ནུས་ཁུངས་ཚད་ཡོད་ཀུང་ཟི། ཀྲུང་གོའི་ཧྭ་ནེན་སྡེ་ཚོགས་སོགས་ཁེ་ལས་ཁག་ཅིག་གིས་མཚོ་ནུབ་ཏུ་ཀུང་ཟི་བཙུགས་ནས་ཚྭ་འདམ་གཞོང་གི་རིག་གནས་ཡུལ་སྐོར་དང་གཏེར་ཁའི་ཐོན་ཁུངས། ནུས་ཁུངས་གསར་བ་བཅས་ཀྱི་འཛུགས་སྐྲུན་ཁྲོད་ཞུགས་རྒྱུ་རེད།

མཚོ་ནུབ་ཡོན་ཧྭིན་དངུལ་གཏོང་ཚད་ཡོད་ཀུང་ཟི་དང་བི་ལན་རྫོང་གཉིས་ཀྱིས་གན་རྒྱ་བཞག་པའི་ཧྭ་ལིས་ཧྭ་ཐུའུ་ནགས་ཚལ་སྤྱི་གླིང་གི་ཡུལ་སྐོར་གསར་སྤེལ་ལས་གཞིའི་ཐད་ཀྱི་སྤྱིའི་མ་དངུལ་སྒོར་དུང་ཕྱུར་གཅིག་བྱེ་བ་གཉིས་ཡིན་པ་དང་། དེ་གཙོ་བོར་རྨང་གཞིའི་སྒྲིག་ཆས་དང་། མི་རིགས་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་འབུར་བརྐོས་ཀྱི་བར་ཁྱམས་རིང་མོ། སོག་རིགས་ཀྱི་སྒར་ཆེན། ནུས་མང་གློག་བརྙན་ཁང་། མི་རིགས་གློག་བརྙན་འཕྲིན་གྱི་ཕྱིར་ལྗོངས་ཕབ་སྐྲུན་གནས་གཞི་སོགས་ཀྱི་འཛུགས་སྐྲུན་ཐད་ལ་བཀོལ་ནས། ཧྭ་ལིས་ཧྭ་ཐུའུ་ནགས་ཚལ་སྤྱི་གླིང་དེ་མཚོ་སྔོན་ཞིང་ཆེན་གྱི་མིང་དུ་གྲགས་པའི་སྐྱེ་ཁམས་ཡུལ་སྐོར་གནས་ཆེན་ཞིག་ཏུ་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་དང་། དེ་དང་མཉམ་དུ་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་བཏང་ནས་ཚྭ་ཁའི་ཡུལ་སྐོར་ལྗོངས་རྒྱུའི་གསར་སྤེལ་ཀུང་ཟི་དང་མཉམ་འབྲེལ་བྱས་ཏེ་ཚྭ་ཁའི་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག