མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཟི་ལིང་ས་ཁུལ་གྱི་བོད་རིགས་མང་ཚོགས་རྣམས་ཟི་ལིང་ས་ཁུལ་གྱི་སྐབས་ཉེར་བདུན་པའི་བོད་རིགས་རིག་གནས་སྒྱུ་རྩལ་དུས་ཆེན་ལ་རོལ་བ།

རྩོམ་པ་པོ། ནོར་བུ་མཚོ། བློ་གྲོས་རྣམ་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-14 10:26

IMG_1163.JPG

སྐབས་ཉེར་བདུན་པའི་བོད་རིགས་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་མཛད་སྒོ།

QQ图片20130613120029.jpg

མཛད་སྒོའི་སྟེང་དུ་འཁྲབ་སྟོན་བྱེད་པའི་རྣམ་པ།

IMG_1162.JPG

རང་རེའི་ལས་ཁུངས་ཀྱི་མགོ་འཛིན་པས་མཛད་སྒོའི་སྟེང་དུ་མགོ་འཛིན་བྱེད་བཞིན་པ།

7$ZM}]MC0JB63L815G[F1WM.jpg

དུས་ཆེན་ལ་རོལ་བར་ཡོང་བའི་ཁམས་པའི་ཕོ་སར་གྱི་ཆ་ལུགས།

WAE]0QZN6Y)_9MB$~4%FM)8.jpg

དུས་ཆེན་ལ་རོལ་བར་ཡོང་བའི་ཨ་མདོའི་བུ་མོའི་ཆ་ལུགས།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རིགས་ཞིབ་འཇུག་ཚོགས་པས་གཙོ་བསྒྲུབ་བྱས་པའི་ཟི་ལིང་ས་ཁུལ་གྱི་སྐབས་ཉེར་བདུན་པའི་བོད་རིགས་རིག་གནས་སྒྱུ་རྩལ་དུས་ཆེན་ཉིས་སྟོང་བཅུ་གསུམ་ལོའི་ཟླ་དྲུག་པའི་ཚེས་བཅུ་ཉིན་གནའ་མཁར་ཟི་ལིང་གི་ལྷོ་རིའི་སྟེང་དུ་གཟབ་རྒྱས་ངང་བསྡུས་ལ། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སྟག་འབུམ་ཐར་དང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་སོགས་མགོ་ཁྲིད་པ་ཆེད་དུ་དུས་ཆེན་གྱི་མཛད་སྒོར་ཕེབས་ཡོད།  

    མཛད་སྒོའི་སྟེང་དུ་ཕྱོགས་སོ་སོ་ནས་ཡོང་བའི་ཡུལ་སྐོར་བ་དང་། ཚོང་བ། སྒྱུ་རྩལ་པ་སོགས་མང་པོ་འཛོམས་འདུག་ལ། གནའ་མཁར་ཟི་ལིང་དུ་འདུས་སྡོད་བྱེད་པའི་བོད་རིགས་སྤྱི་དང་ལྷག་པར་དུ་མདོ་དབུས་ཁམས་གསུམ་ཀྱི་བོད་རིགས་ཕོ་མོ་རྒན་གཞོན་མང་པོས་བོད་ཀྱི་ཐུན་མོང་མ་ཡིན་པའི་རྒྱན་གོས་སྣ་ཚོགས་གྱོན་ནས་རང་རང་གི་བཟའ་མི་ཚོ་དང་མཉམ་དུ་གནས་དེར་འཛོམས་ཏེ། གླུ་དང་གར་གྱི་ལྟད་མོ་དང་གསོལ་སྟོན་ལ་རོལ་བཞིན་འདུག དེ་མིན་ད་དུང་ལས་ཁུངས་དང་། ཚོགས་པ། མི་སྒེར་སོགས་གནས་དེར་འཛོམས་འདུག་ལ། རྒྱལ་ཁབ་ཕྱི་ནང་ཀུན་ནས་ཡོང་བའི་མགྲོན་པོ་མི་ཉུང་བའང་གནས་དེར་ཆེད་དུ་ལྟད་མོར་ཐོན་འདུག བོད་རིགས་རིག་གནས་སྒྱུ་རྩལ་དུས་ཆེན་གྱིས་བོད་རིགས་མི་དམངས་ཀྱི་རིགས་གནས་དྲིལ་སྒྲོག་དང་། ཚོང་ལས་འཕེལ་རྒྱས་སོགས་ཀྱི་ཐད་ལ་དཔྱད་བསྡུར་དང་རྒྱུས་ལོན་བྱེད་པའི་ནུས་པ་གལ་ཆེན་ཐོན་ཡོད་པར་མ་ཟད། སྤྱི་ཚོགས་འཆམ་མཐུན་དང་མི་རིགས་མཐུན་སྒྲིལ་སོགས་ཀྱི་ཐད་ལའང་ནུས་པ་དང་དོན་སྙིང་གལ་ཆེན་ལྡན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག