མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ལའོ་ཧོས་ཉིན་གྱིས་ཧྥ་རན་སི་དང་ཨོ་སི་ཁྲུ་ལི་ཡ། བལ་བོ་བཅས་ཀྱི་མགྲོན་པོར་ཐུགས་འཕྲད་བྱས་པ།

རྩོམ་པ་པོ། བསོད་ནམས་ལྷ་མོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-13 11:32

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས10ཉིན་ནས་ཚེས11ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལའོ་ཧོས་ཉིན་གྱིས་སོ་སོར་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སུ་ཞུགས་པའི་ཀྲུང་གོར་སྡོད་པའི་ཧྥ་རན་སིའི་གཞུང་ཚབ་ཆེན་མོ་པེ་ལིན་དང་། ཨོ་སོ་ཁྲུ་ལི་ཡའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་སུང་ཧྥང་ཨན། བལ་བོའི་མཉམ་འབྲེལ་གུང་ཁྲན་ཏང་གི་རྒྱུན་ལས་ཨུ་ཡོན་པ་ཧྲ་མན་ཧྥ་་སོགས་ལ་ཐུགས་འཕྲད་བྱས་པ་དང་། ཝང་ཞའོ་ཆིན་ཡང་ཐུགས་འཕྲད་ལ་ཞུགས།

ཐུགས་འཕྲད་ཁྲོད་ལའོ་ཧོས་ཉིན་གྱིས་སྐུ་མགྲོན་རྣམས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སུ་ཞུགས་པར་ཡོང་བར་ལྷག་བསམ་འཁོལ་བའི་ངང་དགའ་བསུ་ཞུས་པ་དང་། ཁོ་ཚོར་མཚོ་སྔོན་གྱི་ས་ཁུལ་མང་པོར་སོང་ནས་ཡུལ་དངོས་སུ་མཚོ་སྔོན་གྱི་འགྱུར་ལྡོག་ཆེན་མོ་ཉམས་སུ་མྱངས་དགོས་པའི་རེ་བ་བཏོན། ལའོ་ཧོས་ཉིན་གྱིས་བཤད་རྒྱུར། “ལྷད་མེད་འཕེལ་རྒྱས”ནི་འཛམ་གླིང་གི་འཕེལ་རྒྱས་སུ་གཏོང་ཕྱོགས་ཡིན་པ་དང་། མཚོ་སྔོན་གྱི་ཐོན་ཁུངས་ཕུན་སུམ་ཚོགས་ལ་སྐྱེ་ཁམས་ཉམས་ཉན་ཡིན་པས། མཚོ་སྔོན་འཁོར་རྒྱུག་དང་ཐཱན་ཉུང་། རྒྱུད་མཐུད་བཅས་ཀྱི་ངང་འཕེལ་རྒྱས་སུ་གཏོང་བའི་བགྲོད་ལམ་དུ་བསྐྱོད་དགོས་པ་དང་། ཐེངས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་ཆེས་མངོན་པར་གསལ་བའི་ཁྱད་ཆོས་ནི“ལྷད་མེད”ཅེས་པ་དེ་ཡིན། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་སྟེགས་བུ་འདི་བརྒྱུད་ནས་སྔར་ལས་ལྷག་པའི་ཕྱི་རྒྱལ་གྱི་མགྲོན་པོ་མང་པོ་མཚོ་སྔོན་དུ་ཡོང་ནས་རྟོག་ཞིབ་དང་འཚམས་འདྲི། གནས་སྐོར་བཅས་བྱེད་པ་དང་། མ་དངུལ་བཏང་ནས་ལས་རིགས་དར་རྒྱས་སུ་གཏོང་བའི་རེ་བ་ཞུས།

པེ་ལིན་སོགས་ལ་ཐུག་འཕྲད་བྱེད་སྐབས་ལའོ་ཧོས་ཉིན་གྱིས་བཤད་རྒྱུར། སང་ལོ་ནི་ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ལྔ་བཅུ་ལོན་པའི་ལོ་ཡིན་པ་དང་། ཕྱོགས་གཉིས་ཀྱིས་སྣ་མང་རིག་གནས་བརྗེ་རེས་ཀྱི་བྱ་འགུལ་སྤེལ་རྒྱུ་དང་མཚོ་སྔོན་ཡང་ཧུར་ཐག་སྒོས་བྱ་འགུལ་དེར་ཞུགས་ནས་ཐུན་མོང་མ་ཡིན་པའི་ས་ཁོངས་རིག་གནས་ཀྱིས་ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་ལ་གསོན་ཤུགས་གསར་བ་བསྣན་ཏེ་རིག་གནས་བརྗེ་རེས་དེས་ཕྱོགས་ཡོངས་ནས་མཉམ་ལས་བྱེད་པར་མི་གཞུང་ཁོར་ཡུག་ལེགས་པོ་ཞིག་སྐྲུན་ཐུབ་ཟེར།

སུང་ཧྥང་ཨན་ལ་ཐུགས་འཕྲད་བྱེད་སྐབས་ལའོ་ཧོས་ཉིན་གྱིས་བཤད་རྒྱུར། ཨོ་སི་ཁྲུ་ལི་ཡ་སྲིད་གཞུང་གི་མ་དངུལ་གྱི་རྒྱབ་སྐྱོར་འོག མཚོ་སྔོན་གྱི་འབྲེལ་ཡོད་སྡེ་ཁག་དང་ཨོ་སི་ཁྲུ་ལི་ཕྱོགས་ཀྱིས་སྔ་གཞུག་ཏུ་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི“མཛའ་མཐུན་ནགས”ཞེས་པ་དང་ནགས་ལས་ཐོན་ཁོངས་ལ་དོ་དམ་བྱེད་པ། ཁོར་ཡུག་འཕེལ་རྒྱས་སོགས་མཉམ་ལས་ཀྱི་ལས་གཞི་ལག་བསྟར་བྱས་པས་ཕྱོགས་གཉིས་ཀྱི་བར་མཉམ་ལས་ཀྱི་རྨང་གཞི་བཟང་བོ་ཞིག་ཆགས་ཡོད་ཟེར།  

པ་ཧྲ་མན་ཧྥན་སོགས་ལ་ཐུགས་འཕྲད་བྱེད་སྐབས་ལའོ་ཧོས་ཉིན་གྱིས་བཤད་རྒྱུར། ཀྲུང་གོ་དང་བལ་བོ་རྒྱལ་ཁབ་གཉིས་ཀྱིས་དུས་ཡུན་རིང་བོར་སྲོལ་རྒྱུན་གྱི་མཛའ་གཤེས་སྲུང་འཛིན་བྱས་ནས་ས་གནས་སྲིད་གཞུང་གིས་བལ་བོ་རྒྱལ་ཁབ་བར་གྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་པའི་བར་གསེང་ལེགས་པོ་ཞིག་འདོན་སྤྲོད་བྱས། ང་ཚོས་མཚོ་སྔོན་གྱི་ཁེ་ལས་བལ་བོ་རྒྱལ་ཁབ་ལ་སོང་ནས་ཐོན་ཁོངས་གསར་སྤེལ་བྱེད་པར་ཡར་སྐུལ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་དང་གནས་སྐོར། རིག་གནས་བཅས་ཀྱི་ཁྱབ་ཁོངས་མཉམ་ལས་ལ་སྣེ་ཁྲིད་བྱེད་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག