མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་སྨན་བཅོས་རོགས་སྐྱོར་དུས་ལྟར་རྩིས་ཞུ་བྱེད་པའི་ཆ་འཕྲིན་ཅན་གྱི་དྲ་བ་ཞིང་ཆེན་དང་ཁུལ་རྫོང་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-06-13 11:31

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས8ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་གཅིག་གྱུར་ཡིན་པའི་སྨན་བཅོས་རོགས་སྐྱོར་དུས་ལྟར་རྩིས་ཞུ་བྱེད་པའི་ཆ་འཕྲིན་ཅན་གྱི་དྲ་བ་ལེགས་འགྲུབ་བྱས་ཏེ་དངོས་སུ་བེད་སྤྱོད་བྱེད་འགོ་བརྩམས་ལ། ཞིང་ཆེན་དང་ཁུལ། རྫོང་། ཤང་བཅས་རིམ་པ་བཞི་ལ་ཁྱབ་པ་མངོན་འགྱུར་བྱས་ཤིང་། སྨན་བཅོས་རོགས་སྐྱོར་བྱེད་ཡུལ་གྱིས་གཏན་འཁེལ་བྱས་པའི་སྨན་བཅོས་ལས་ཁུངས་སུ་དུས་ལྟར་སྨན་བཅོས་དང་རྩིས་ཞུ་བྱས་ཆོག

སྲོལ་རྒྱུན་གྱི་སྨན་བཅོས་རོགས་སྐྱོར་རྣམ་པ་ནི་རོགས་སྐྱོར་བྱེད་ཡུལ་སྨན་བཅོས་བྱས་ཏེ་སྒོར་འབུད་སྐབས་མི་སྒེར་གྱིས་སྔོན་ལ་སྨན་བཅོས་རོགས་སྐྱོར་སྟེར་དགོས་ལ། སྙན་ཞུ་མཁན་གྱིས་འབྲེལ་ཡོད་ཀྱི་འཛིན་བྱང་དག་འཁྱེར་ཏེ་ཁྱིམ་ཐོ་ཡོད་སའི་ཤང་གྲོང་དང་སྲང་ལམ་དོན་གཅོད་ཁང་དུ་སྙན་ཞུ་ཕུལ་བ་དང་། དམངས་སྲིད་སྡེ་ཁག་གིས་ཞིབ་བཤེར་དང་ཆོག་མཆན་བཀོད་རྗེས་ད་གཟོད་སྨན་བཅོས་རོགས་སྐྱོར་ལེན་ཐུབ་པས། དུས་ཚོད་དང་རྩོལ་ནུས་མང་པོ་ཆུད་ཟོས་སུ་བཏང་ཡོད། མིག་སྔར་གྱི་དུས་ལྟར་རྩིས་ཞུ་བྱེད་པའི་མ་ལག་བེད་སྤྱོད་བྱས་ཚེ། རོགས་སྐྱོར་བྱེད་ཡུལ་དེ་གཏན་འཁེལ་བྱས་པའི་སྨན་བཅོས་འགན་སྲུང་གི་སྨན་བཅོས་ལས་ཁུངས་སུ་སྨན་བཅོས་བྱས་ཏེ་སྒོར་འབུད་སྐབས་མི་སྒེར་གྱི་འགན་འཁུར་དགོས་པའི་སྨན་བཅོས་འགྲོ་གྲོན་སྟེར་དགོས་པ་ལས་གཞན་པའི་འགྲོ་གྲོན་སྟེར་མི་དགོས་པས་རོགས་སྐྱོར་ཕན་ནུས་མངོན་གསལ་གྱིས་ཆེས་ཆེར་བཏང་ཡོད། རྒྱུས་ལོན་པ་ལྟར་ན། ཞབས་ཞུ་འདིས་མཚོ་སྔོན་གྱི་ཤང་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ་དང་ལྔ་སྐྱོང་ཁྱིམ་ཚང་། གཙོ་གནད་གཟིགས་སྐྱོང་བྱེད་ཡུལ། དྭ་ཕྲུག་དང་འཚོ་བར་དཀའ་ངལ་ཆེ་བའི་དབང་བོ་སྐྱོན་ཅན་ཚབས་ཆེན་མི་སྣ་སོགས་དཀའ་ངལ་མང་ཚོགས་ཁྲི71ལ་ཕན་ཁེ་བསྐྲུན་ཐུབ། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག