མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྤྱི་ཟླ8པར་མཚོ་སྔོན་གྱིས་སྐབས་དང་པོའི་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་ཀྱི་གསོ་རིག་འགྲེམ་སྟོན་བརྗེ་རེས་ཚོགས་འདུ་ཚོགས་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-06-13 11:30

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས11ཉིན། མཚོ་སྔོན་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུའི་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་བེད་སྤྱོད་དང་རྒྱུན་མཐུད་འཕེལ་རྒྱས་ཆེད་དོན་གླེང་སྟེགས་ཟི་ལིང་དུ་ཚོགས། ཞིང་ཆེན་ནང་ཁུལ་གྱི་མཁས་པ་དག་ལྷན་གཅིག་ཏུ་འཛོམས་ནས་མཉམ་དུ་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་སྔར་ལས་འོས་འཚམ་གྱིས་བེད་སྤྱོད་ཇི་ལྟར་བྱེད་པ་དང་། རྒྱུན་མཐུད་འཕེལ་རྒྱས་ཅི་ལྟར་མངོན་འགྱུར་བྱེད་དགོས་པའི་སྐོར་ལ་གླེང་མོལ་བྱས། གཞན་ཡང་མཚོ་སྔོན་མཐོ་སྒང་གི་དབྱར་རྩྭ་དགུན་འབུའི་ཆས་རྟགས་གསར་འཛུགས་བྱེད་པ་དང་། ཤུགས་ཆེན་པོས་དབྱར་རྩྭ་དགུན་འབུའི་ཐོན་སྐྱེད་ལས་སྣོན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ད་ལོའི་སྤྱི་ཟླ8པར་སྐབས་དང་པོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་ཀྱི་གསོ་རིག་འགྲེམ་སྟོན་བརྗེ་རེས་ཚོགས་འདུ་ཚོགས་རྒྱུ་རེད།

མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུ་བསྐོ་བསྡུ་བྱེད་ཚད་ཏུན150ཡས་མས་ཡིན་ལ། ལོ་རེའི་ཉོ་ཚོང་བྱེད་ཚད་ཏུན100ཡས་མས་ཡིན་པས་རྒྱལ་ཡོངས་ཀྱི60%ཡན་ཟིན་ཡོད། མིག་སྔར། མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུ་ཉོ་ཚོང་བྱས་པའི་སྒོར་མོ་དུང་ཕྱུར100ལས་བརྒལ་ཞིང་། མིང་དོན་མཚུངས་པའི་འཛམ་གླིང་གི་དབྱར་རྩྭ་དགུན་འབུ་ཐོན་ཁུལ་གཙོ་བོ་དང་ཉོ་ཚོང་བྱེད་པའི་ཞིང་ཆེན་ཆེན་པོ་ཨང་དང་པོར་གྱུར་ཡོད། དུས་མཚུངས་སུ། མཚོ་སྔོན་གྱིས་དབྱར་རྩྭ་ཐོན་ཁུལ་ནས་ཞིང་ཆེན་ལྟེ་གནས་གྲོང་ཁྱེར་བར་དུ་ཁྱོན་ཡོངས་ལ་ཁྱབ་པའི་ཉོ་ཚོང་མ་ལག་ཞིག་བཙུགས་ཏེ། སྔར་ལྷག་པའི་སྒོ་ནས་དབྱར་རྩྭ་དགུན་འབུའི་ཉོ་ཚོང་འཁོར་རྒྱུག་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་སྤེལ་བྱས་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག