མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་ཁེ་ལས་ཆུང་བ་དང་འབྲེལ་བའི་དངུལ་ལེན་ཚད་ཐིག་ཇེ་དམའ་རུ་བཏང་ནས་ཁེ་ལས་ཆུང་བའི་ཁུར་བོ་སྔར་ལས་ཇེ་ཡང་དུ་གཏོང་རྒྱུ་ཡིན་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-13 11:30

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཁེ་ལས་ཆུང་བའི་ཁུར་བོ་ཇེ་ཡང་དང་། འཕེལ་རྒྱས་ཁོར་ཡུག་ཇེ་ལེགས་སུ་བཏང་ནས། དེ་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱེད་ཆེད། ཉེ་སྔོན་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས«ཁེ་ལས་དང་འབྲེལ་བའི་ཚོང་གཉེར་ཁག་ཅིག་གི་ཞབས་ཞུ་རང་བཞིན་གྱི་དངུལ་ལེན་ཚད་གཞི་ཇེ་དམའ་རུ་གཏོང་བའི་སྐོར་གྱི་བརྡ་སྦྱོར»་ཞེས་བ་པར་སྐྲུན་འགྲེམ་སྤེལ་བྱས་ནས། 2013ལོའི་ཟླ་དྲུག་པའི་ཚེས་གཅིག་ཉིན་ནས་2015ལོའི་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་བར་དུ་རྒྱལ་ཁབ་ས་ཁུངས་ཐོན་ཁུངས་དང་། འཛུགས་སྐྲུན། ནོར་སྲིད་སོགས་དངུལ་བསྡུ་ལས་ཁུངས་བཅུ་གསུམ་གྱི་ཁེ་ལས་ཆུང་བ་དང་འབྲེལ་བའི་དོན་ཚན་ཉེར་བརྒྱད་ཀྱི་ཚོང་གཉེར་རང་བཞིན་གྱི་དངུལ་ལེན་ཚད་གཞི་ཇེ་དམའ་རུ་གཏོང་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག