མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རེབ་གོང་སྒྱུ་རྩལ་དེ་ཤུལ་བཞག་རིག་གནས་ཀྱི་སྲུང་སྐྱོབ་ལམ་བུར་བསྐྱོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-12 10:56

0222.JPG

རེབ་གོང་ལྷ་རིས་པ་སྐལ་བཟང་ཚེ་རིང་ལགས་ཀྱིས་ཐང་ག་བཞེངས་བཞིན་པ།
0333.JPG

རེབ་གོང་ལྷ་རིས་པ་ཤ་བོ་སྐྱབས་ལགས་ཀྱིས་བཞེངས་པའི་ལྷ་སྐུ།

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མདོ་སྨད་རེབ་གོང་ཡུལ་དུ་ཐང་ག་དང་འབག་སྐུ། གཙགས་དྲུབས་སོགས་བོད་ཀྱི་རིག་གནས་སྒྱུ་རྩལ་གྱི་ཉིང་བཅུད་གཅིག་ཏུ་འདུས་ཤིང་། རེབ་གོང་སྒྱུ་རྩལ་དེ2006ལོར་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོར་བཞག་པ་དང་། 2009ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་ཐོ་རུ་བཞག་པ་རེད།

  ད་ལྟ་རེབ་གོང་ཡུལ་དུ་རེབ་གོང་སྒྱུ་རྩལ་ཐོན་ལས་གཉེར་བཞིན་པའི་ཁྱིམ་ཚང་4700དང་མི16000ལ་ཉེ་བ་ཙམ་ཡོད་པ་རེད། 2012ལོར་རེབ་གོང་སྒྱུ་རྩལ་ཐོན་ལས་ཀྱི་ཡོང་འབབ་སྒོར་དུང་ཕྱུར3.6ལ་ཉེ་ཞིང་། རེབ་གོང་སྒྱུ་རྩལ་གྱི་ཡོང་སྒོ་རྐྱང་རྐྱང་མི་རེར་ཆ་སྙོམས་ཀྱིས་སྒོར་ཁྲི2ཙམ་ཡོད་པས། ས་གནས་དེའི་ཡུལ་མི་གཞན་གྱི་ཡོང་སྒོ་རྐྱང་པ་ལས་ལྡབ5ཡིས་མཐོ་བ་རེད།  །
 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག