མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་སྐབས་དང་པོའི་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་ལུགས་གསོ་རིག་གི་འགྲེམ་སྟོན་བརྗེ་རེས་ཚོགས་འདུ་དེ་སྤྱི་ཟླ8པའི་ནང་བསྡུས་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-12 10:56

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས11ཉིན། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་བེད་སྤྱོད་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཆེད་དོན་བགྲོ་གླེང་ཚོགས་འདུ་དེ་ཟི་ལིང་ནས་ཚོགས། ཞིང་ཆེན་ནང་ཁུལ་གྱི་ཆེད་མཁས་པ་དང་རིག་གནས་པ་མང་པོ་མཉམ་དུ་འཛོམས་ནས་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་སྔར་ལས་འོས་འཚམ་གྱིས་བེད་སྤྱོད་དང་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཐད་ནས་དཔྱད་བསྡུར་བྱས། དེ་ལས་གཞན། མཚོ་སྔོན་མཐོ་སྒང་གི་དབྱར་རྩྭ་དགུན་འབུའི་ཚོང་རྟགས་མིང་གྲགས་ཅན་བསྐྲུན་ནས། དབྱར་རྩྭ་དགུན་འབུའི་ཐོན་སྐྱེད་ལས་སྣོན་གྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བྱེད་ཆེད། རང་ཞིང་གིས་ད་ལོའི་སྤྱི་ཟླ8པར་སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་ལུགས་གསོ་རིག་གི་འགྲེམ་སྟོན་བརྗེ་རེས་ཚོགས་འདུ་བསྡུས་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་གྱི་ལོ་རེའི་དབྱར་རྩྭ་དགུན་འབུའི་འཚོལ་བསྡུའི་གྲངས་ཚད་ནི་ཏུན150དང་། ལོ་རེར་དབྱར་རྩྭ་ཏུང100ཡས་མས་ཕྱིར་འཚོངས་ཐུབ་ལ། དེའི་རྒྱལ་ཡོངས་དབྱར་རྩྭའི་བཙོངས་འབོར་གྱི60%ཡན་ཟིན། མིག་སྔར། མཚོ་སྔོན་གྱི་དབྱར་རྩྭའི་ཉོ་ཚོང་གི་སྒོར་ཐེར་ཆེན1ལས་བརྒལ་ནས། འཛམ་གླིང་སྟེང་གི་མིང་དོན་མཚུངས་བའི་དབྱར་རྩྭ་དགུན་འབུའི་ཐོན་སྐྱེད་ཁུལ་གཙོ་བོ་དང་དབྱར་རྩྭ་ཉོ་ཚོང་གི་ཞིང་ཆེན་ཆེས་ཆེན་པོར་གྱུར།

སྤྱི་ཟླ6པའི་ཚེས11ཉིན། རང་ཞིང་གི་དབྱར་རྩྭ་དགུན་འབུའི་ཐོན་སྐྱེད་ལས་སྣོན་ཁྱབ་ཁོངས་ཀྱི་ཐོན་ལས་འཕེལ་རྒྱས་དལ་བ་དང་། འགྲན་རྩོད་ནུས་ཤུགས་ཆུང་བ་སོགས་གནད་དོན་མང་བོར་ཁ་གཏད་ནས། ཞིང་ཆེན་ནང་ཁུལ་གྱི་ཆེད་མཁས་པ་ཚོས་མ་དངུལ་གཏོང་ཚད་ཇེ་ཆེར་གཏོང་བ་དང་། ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ། ཚན་རྩལ་གསར་སྐྲུན་ལ་ཤུགས་སྣོན་པ་སོགས་ཀྱི་ཐད་ནས་གཏམ་བཤད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག