མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་ཆེད་ལས་ལྔ་ལGCPདཔང་འཛིན་ཐོབ་ཐང་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-12 10:53

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། རྒྱལ་ཁབ་ཟད་རིགས་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་བོད་སྨན་ཟས་འགྱུ་དང་། བུད་མེད་ཚན་ཁག དབུགས་འབྱིན། མཁལ་ནད། སྐྱི་པགས་ཀྱི་ནད་སོགས་ཆེད་ལས་ལྔ་ལ་ནད་ཐོག་སྨན་རྫས་ཚོད་ལྟའི་སྤུས་ཚད་དོ་དམ་ཚད་ལྡན(GCP)དཔང་འཛིན་ཐོབ་ཐང་གནང་། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ནི་མིག་སྔར་མཚོ་སྔོན་ཞིང་ཆེན་དུGCPདཔང་འཛིན་ཐོབ་ཐང་མངའ་བའི་རྒྱལ་ཁབ་ནད་ཐོག་སྨན་རྫས་ཚོད་ལྟའི་ལས་ཁུངས་ཉག་ཅིག་ཡིན་ཞིང་། 2005ལོར་ཐོག་དང་པོར་སྙིང་ཁམས་ཁྲག་རྩའི་ནད་དང་། གྲུམ་ནད། མཆིན་མཁྲིས་བཅས་ཆེད་ལས3ལ་ཆོག་མཆན་ཐོབ་པ་དང་། ཐེངས་འདིའི་ཆོག་མཆན་བརྒྱུད་ནད་ཐོག་སྨན་རྫས་ཚོད་ལྟའི་ཆེད་ལས8ལ་འཕར་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག