མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་བཅས་ཀྱིས་མཉམ་དུ་བསྡུས་པའི་མཚོ་སྔོན་ཚོང་གཏམ་ཚོགས་འདུའི་མཚོ་སྔོན་ཁ་གཏད་རོགས་སྐྱོར་བྱ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་ཚོགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-12 10:53

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས10ཡི་ཉིན་ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ནོར་སྲིད་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱུ་ནོར་དོ་དམ་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཞིང་ཆེན་བཅས་ཀྱིས་མཉམ་དུ་བསྡུས་པའི་མཚོ་སྔོན་ཚོང་གཏམ་ཚོགས་འདུའི་མཚོ་སྔོན་ཁ་གཏད་རོགས་སྐྱོར་བྱ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་ཚོགས། ཞིང་ཆེན་གྱི་མགོ་ཁྲིད་པ་ལོ་ཧོས་ཉིན་དང་། ཧོའ་ཕིན། ལོ་ཡུས་ལིན། ཝང་ཞོ་ཆིན། བསྟན་ཁོ། ཚོ་ཧོང་། ཀྲང་ཀོང་རོང་། ཀྲུང་དབྱང་དང་རྒྱལ་ཁབ་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། ཁ་གཏད་རོགས་སྐྱོར་བྱེད་པའི་མཚོ་སྔོན་ཞིང་ཆེན་དང་གྲོང་ཁྱེར་དེ་མིན་ཀྲུང་དབྱང་ཁེ་ལས་སོ་སོའི་འགན་འཁུར་བློ་མཐུན་གྲོས་ཚོགས་སུ་ཞུགས།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལོ་ཧོས་ཉིན་གྱིས་གཏམ་བཤད་སྐབས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གཉིས་ཀྱི་ཚབ་བྱས་ཏེ་ཀྲུང་དབྱང་དང་རྒྱལ་ཁབ་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོའི་བྱ་བར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཀྲུང་དབྱང་གི་ཁེ་ལས་སོ་སོས་སྒེར་སེམས་མེད་པར་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བསྟན་དོན། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བ་ནི་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཚོ་སྔོན་བོད་ཁུལ་མཆོང་སྐྱོད་ངང་འཕེལ་རྒྱས་དང་ཡུན་རིང་བདེ་འཇགས་ཡོང་བའི་བྱ་བ་ཡར་སྐུལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། བྱ་བ་དེ་སྤེལ་ནས་ལོ་ངོ་གསུམ་གྱི་རིང་ལ། རོགས་སྐྱོར་ལས་བྱེད་པས་སྔོན་ཁྲིད་ཀྱི་ནུས་པ་བཏོན་ནས། དཔལ་འབྱོར་ཐད་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཤིང་། ཤེས་ལྡན་མི་སྣ་དང་བློ་རིག་ཐད་ནས་ཀྱང་རིམ་བཞིན་བྱ་བ་སྤེལ་ནས་རྒྱལ་ཁབ་ཀྱིས་མཐོང་ཆེན་ཚད་མཐོན་པོ་གནང་བ་དང་། རོགས་སྐྱོར་ལས་ཁུངས་སོ་སོས་མཚོ་སྔོན་ལ་རོགས་སྐྱོར་ཆེན་པོ་བྱེད་པ། རོགས་སྐྱོར་ཐོབ་པའི་ས་ཁུལ་གྱིས་གཞོགས་འདེགས་ཆེན་པོ་བྱེད་པ་དང་། སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ་སེམས་འཁུར་བྱེད་པའི་རྣམ་པ་བཟང་བོ་ཆགས། ལག་ལེན་ལས་ར་སྤྲོད་པ་ལྟར་ན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཀོད་པའི་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཆོད་དོན་དེ་ཧ་ཅང་ཡང་དག་ཞིང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་སྲིད་ཇུས་ནི་མཚོ་སྔོན་དང་དེ་མིན་བོད་ཁུལ་གྱི་དོན་དངོས་དང་མཐུན་ཟེར།

ལོ་ཧོས་ཉིན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱི་ཁོར་ཡུག་ཅུང་མི་བཟང་། ཡིན་ནའང་ཆབ་སྲིད་ཀྱི་སྐྱེ་ཁམས་ཅུང་བཟང་། རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ལེགས་འགྲུབ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་བསམ་མངོན་འགྱུར་བྱེད་པར་བྱས་རྗེས་འཇོག་རྒྱུ་དེ་ནི། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་རེ་འདུན་ཡིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ས་ཁུལ་གསུམ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་དམིགས་འབེན་གཏན་ལ་ཕབ་ཟིན་པ་དང་། མཚོ་སྔོན་རང་སྟེང་གིས་དཀའ་སྤྱད་འབད་བརྩོན་བྱེད་དགོས་པ་མ་ཟད། རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་དང་འབྲལ་ཐབས་མེད་པས། རྒྱུན་ཆད་མེད་པར་ཁ་གཏད་རོགས་སྐྱོར་བྱ་བའི་རང་རྟོག་རང་བཞིན་བྱ་བ་ཇེ་དྲག་ཏུ་གཏོང་དགོས་པ་དང་། སྔར་ལས་རྒྱལ་ཁབ་དང་མི་དམངས་ལ་ཕན་པའི་སྲིད་ཇུས་བཟང་བོ་རྒྱུན་འཁྱོངས་དང་ལག་བསྟར་བཟང་བོ་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག