མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་པོའི་གསེར་ཉ་ལ་སྲུང་སྐྱོབ་བྱེད་ཆེད་མཚོ་སྔོན་གྱི་ཟ་ཁང150ཡིས་གསེར་ཉ་ལས་སྣོན་མི་བྱེད་པའི་དམ་བཅས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-12 10:52

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་བཀག་ཉ་གསོའི་བྱ་བ་བཟང་བོ་སྒྲུབ་ནས། མཚོ་སྔོན་པོའི་གསེར་ཉར་སྲུང་སྐྱོབ་བྱེད་ཆེད། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཉ་རིགས་དོ་དམ་སྤྱིའི་ས་ཚུགས་ཀྱིས་མཚོ་སྔོན་པོའི་འགྲམ་ནས་གསེར་ཉའི་ཐོན་ཁུངས་ལ་སྲུང་སྐྱོབ་དང་མཛེས་སྡུག་གི་ཁྱིམ་གཞིར་གཅེས་སྤྲས་བྱེད་པ་ཞེས་བའི་དམ་བཅའི་ཡི་གེ་འཇོག་པའི་བྱེད་སྒོ་སྤེལ་བ་མ་ཟད། དམ་བཅའི་བཞག་པའི་ཟ་ཁང་ལ་སྒོ་བྱང་བཀལ།

ཟ་ཁང150ཡི་ཚབ་བྱེད་མི་སྣས་བྱེད་སྒོའི་ཡུལ་དངོས་ནས་གཅིག་རྗེས་གཉིས་མཐུད་ཀྱིས་དམ་བཅའི་ཡི་གེ་བཞག་ནས། གསེར་ཉའི་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པའི་ཐད་ལ་རང་ཉིད་ཀྱི་ནུས་ཤུགས་འདོན་རྒྱུ་ཡིན་པའི་ཚུལ་བསྟན། རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་པོའི་མཚོ་བཀག་ཉ་གསོའི་དུས་ཡུན་ནི2011ལོའི་སྤྱི་ཟླ1པོའི་ཚེས1ཉིན་ནས་2020ལོའི་སྤྱི་ཟླ12བའི་ཚེས31ཉིན་བར་ཡིན། དེའི་སྐབས་སུ། ལས་ཁུངས་དང་ཐུན་མོང་། མི་སྒེར་གང་ཡིན་རུང་མཚོ་སྔོན་པོའི་བཞུར་རྒྱུད་ནས་ཉ་བཟུང་མི་ཆོག་པ་དང་། བྱེད་ཐབས་གང་རུང་གི་ལམ་ནས་ཉ་ཉོ་བ་དང་། སྐྱེལ་འདྲེན་བྱེད་པ། གསོག་ཉར་བྱེད་པ། འཚོང་བ་སོགས་ཀྱི་བྱ་སྤྱོད་ལ་བཀག་འགོག་བྱེད་བ་དང་། མགྲོན་ཁང་དང་། ཟ་ཁང་སོགས་བཟའ་བཏུང་ལས་རིགས་ཀྱིས་གསེར་ཉར་ལས་སྣོན་དང་དེ་བཙོང་མི་ཆོག་པ། གལ་ཏེ་གོང་གི་གཏན་ཁེལ་དང་འགལ་ཚེ་རོང་འབྲོག་དང་སྤྱི་བདེ། བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་བཅས་ཀྱིས་ཉ་འདྲུད་བྱེད་ཀྱི་རླངས་འཁོར་སོགས་བཀག་ཉར་བྱེད་པ་དང་། ཉ་འཛིན་བྱེད་ཀྱིོ་ཡོ་བྱད་གཞུང་བཞེས་བྱེད་པ་མ་ཟད། ཚོང་གཉེར་ལག་ཁྱེར་སོགས་ཕྱིར་བསྡུ་བྱས་ནས་ཆད་པ་གཅོད་པ་དང་། གལ་ཏེ་གནས་ཚུལ་ཚབས་ཆེན་ཡིན་ནས་ནག་ཉེ་གྲུབ་ཚེ་ཁྲིམས་ལྟར་ཉེས་འགན་རྩད་གཅོད་བྱེད་ངེས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག