མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

2013ཀྲུང་གོའི་མཚོ་སྔོན་ལྷད་མེད་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ཚོང་གཏམ་གྲོས་ཚོགས་གཟབ་རྒྱས་ངང་ཚོགས་མགོ་བརྩམས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-12 10:52

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས10ཉིན་གྱི་སྔ་དྲོར། 2013ཀྲུང་གོའི་མཚོ་སྔོན་ལྷད་མེད་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ཚོང་གཏམ་གྲོས་ཚོགས་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ནས་གཟབ་རྒྱས་ངང་ཚོགས་མགོ་བརྩམས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཕེས་ཧྭ་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལོ་ཧོས་ཉིན་གཉིས་མཉམ་དུ་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཧའོ་ཕུན་གྱིས་ཚོགས་མགོ་རྩོམ་པའི་ཞུ་ཚིག་ཕུལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལོ་ཡུས་ལིན་གྱིས་ཚོགས་མགོ་རྩོམ་པའི་མཛད་སྒོར་མགོ་འཛིན་བྱས། ཞིང་ཆེན་གྱི་མགོ་ཁྲིད་རིན་ཆེན་རྒྱལ་དང་ཝང་ཅན་ཅོན། ཝང་ཞའོ་ཆིན། ཝང་ཞའོ། ཧྲིན་ཧི་བཅས་ཚོགས་མགོ་རྩོམ་པའི་མཛད་སྒོར་མགོ་འཛིན་བྱས།

ཧའོ་ཕུན་གྱིས་ཞུ་ཚིག་འབུལ་སྐབས་ཐོག་མར་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། རིགས་སོ་སོའི་མི་དམངས་ས་ཡ་ལྔ་དང་འབུམ་བདུན་ཁྲི་གསུམ་བཅས་ཀྱི་ཚབ་བྱས་ཏེ། ཚོགས་ཆེན་ལ་ཞུགས་པའི་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། ཁོས་བཤད་རྒྱུར། ཀྲུང་གོའི་བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས་ཀྱི་རྒྱུད་རིམ་བརྒྱུད་པ་དང་། ནུབ་རྒྱུད་གསར་སྤེལ་ཆེན་པོའི་མདུན་སྐྱོད་ཀྱི་གོམ་སྟབས་དང་བསྟུན་ནས། ལོ་ངོ་བཅུ་བཞིའི་རིང་ལ་འཚོལ་ཞིབ་དང་གསར་གཏོད། འབད་འཐབ་བཅས་བྱས་ནས། ད་ལྟ་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་དེ་མཚོ་སྔོན་འཕེལ་རྒྱས་སུ་གཏོང་བ་དང་། མཚོ་སྔོན་ཕྱི་ཕྱོགས་སུ་སྒོ་འབྱེད་པར་སྐུལ་འདེད་གཏོང་བ། རབ་མཛེས་མཚོ་སྔོན་དྲིལ་སྒྲོག་བྱེད་པ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཏུ་བསྒྱུར་ཡོད་པར་མ་ཟད། ས་ཁོངས་བར་གྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། མྱུར་དུ་སྒྲིག་གཞིི་ལེགས་སྒྲིག་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བ། ཚན་རིག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཐད་ལ་ཉིན་རེ་བཞིན་གལ་ཆེ་བའི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད་ཟེར།

ཧའོ་ཕུན་གྱིས་བཤད་རྒྱུར། མཚོ་སྔོན་གྱི་འཕེལ་རྒྱས་དེ་མཚོ་སྔོན་ཕྱི་ཕྱོགས་སུ་སྒོ་འབྱེད་པ་དང་ཁ་འབྲལ་ཐབས་མེད་ལ། མཚོ་སྔོན་གྱི་སྒོ་འབྱེད་དེ་ཕྱི་ཕྱོགས་བར་བརྗེ་རེས་དང་མཉམ་ལས་བྱེད་པར་ཡང་ཁ་འབྲལ་ཐབས་མེད་པས། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་བཟང་བོར་སྒྲུབ་རྒྱུ་དེ་སྤྱི་ཚོགས་ཀྱི་ལས་རིགས་ཁག་གི་ཐུན་མོང་གི་རེ་འདུན་དུ་གྱུར་ཡོད། ཐེངས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་དེས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་གཙོ་བོར་བཟུང་སྟེ། ལྷད་མེད་འཕེལ་རྒྱས་ཀྱི་ཁྱད་ཆོས་མངོན་པར་བྱས་ཏེ། སྒོ་འབྱེད་དང་མཉམ་ལས་བྱེད་པ་ནང་དོན་གཙོ་བོར་བཟུང་ནས། སྟོབས་ཤུགས་ཡོད་དགུས་རྒྱལ་སྤྱིའི་ཤན་ཤུགས་དྲག་པོ་ལྡན་པའི་དངུལ་གཏོང་ཉོ་ཚོང་གི་ཚོགས་ཆེན་གཟབ་རྒྱས་ཤིག་ཏུ་སྐྲུན་དགོས་ཟེར།

ཀྲུང་གོ་ཚན་རིག་གླིང་གི་ཏང་ཙུའུ་ཡི་ཧྲུའུ་ཅི། ཡོན་ཀྲང་པེ་ཁྲུན་ལིས་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཞུའུ་ཧྥུའུ་ཧྲུན། ཕྱི་འབྲེལ་པུའུ་དང་། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་། རྒྱལ་ཁོངས་ཐུན་ཁུངས་པུའུ། ཞིང་ལས་པུའུ། ཚོང་དོན་པུའུ། རྒྱལ་ཁབ་བཟོ་ཚོང་དོ་དམ་སྤྱི་ཁྱབ་ཅུའུ། ཧྲང་ཧེ་གྲོང་ཁྱེར། ཐེན་ཅིན་གྲོང་ཁྱེར། ཅི་ལིན་གྲོང་ཁྱེར། ཟི་ཁྲིན་གྲོང་ཁྱེར། ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་སོགས་ཀྱི་འབྲེལ་ཡོད་མགོ་ཁྲིད་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག