མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

2013ལོའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་མཚོ་སྔོན་རིག་གནས་ཐོན་ལས་ལས་གཞི་མཚམས་སྦྱོར་བྱེད་པ་དང་གྲོས་མཐུན་འགོད་པའི་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-12 10:51

1111.jpg

   2013ལོའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་མཚོ་སྔོན་རིག་གནས་ཐོན་ལས་ལས་གཞི་མཚམས་སྦྱོར་བྱེད་པ་དང་གྲོས་མཐུན་འགོད་པའི་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས10ཡི་ཉིན། 2013ལོའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་མཚོ་སྔོན་རིག་གནས་ཐོན་ལས་ལས་གཞི་མཚམས་སྦྱོར་བྱེད་པ་དང་གྲོས་མཐུན་འགོད་པ། རྒྱལ་ཁབ་ཀྱི་བོད་རིགས་དང་ཆཱང་རིགས། ཡུས་རིགས་བཅས་མི་རིགས་ཀྱི་རིག་གནས་ཐོན་ལས་ཀྱི་རྒྱུད་ལམ་ལས་གཞི་དེ་མཚོ་སྔོན་རྒྱུད་སའི་གནད་སའི་ལས་གཞི་ཁྱབ་བསྒྲགས་བྱེད་པའི་གྲོས་ཚོགས་ཟི་ལིང་ནས་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཅི་ཏིས་མཱ་ཅ་དང་ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཀྲང་ཅན་མེན། རིག་གནས་པུའུ་རིག་གནས་ཐོན་ལས་ཟི་ཡི་ལྟ་རྟོག་མཁན་སུང་རོའི་ཧྥུན་སོགས་འབྲེལ་ཡོད་མགོ་ཁྲིད་པ་ལས་གཞི་མཚམས་སྦྱོར་བྱེད་པ་དང་གྲོས་མཐུན་འགོད་པའི་གྲོས་ཚོགས་སུ་ཞུགས།

  ཉེ་བའི་ལོ་འགའི་རིང་ལ་རིག་གནས་པུའུ་སོགས་ཀྲུང་དབྱང་གི་པུའུ་དང་ཨུ་ཡོན་ལྷན་ཁང་གིས་ཤུགས་ཆེན་པོས་རྒྱབ་སྐྱོར་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་འོག་ཏུ་རིམ་པ་སོ་སོའི་སྲིད་གཞུང་དང་རིག་གནས་བྱ་བ་བྱེད་མཁན་རྣམས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག མཚོ་སྔོན་ཞིང་ཆེན་གྱི་ཁུ་ནུ་གཡང་ཊྲི་དང་རེ་གོང་སྒྱུ་རྩལ། བོད་ཀྱི་ས་གདན། མི་རིགས་ཀྱི་གྱོན་ཆས། བཟོ་རྩལ་མཛེས་རྩལ་སོགས་གནད་སའི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཐོག་པའི་བགྲོད་ལམ་དུ་བསྐྱོད། ཞིང་ཆེན་ཡོངས་སུ་་རིག་གནས་དང་འབྲེལ་ཡོད་ཐོན་ལས་ཁྱོན་སྡོམ་པས7198ཡོད་པ་དང་། རིག་གནས་ཐོན་ལས་ཉེར་མཁན་འབུམ1ལ་ཉེ་བ་ཙམ་ཡོད། རིག་གནས་ཐོན་ལས་ཀྱི་རིན་ཐང་སྒོར་ཐེར་འབུམ2.955མངོན་འགྱུར་བྱས་པ་དེས་དུས་མཉམ་གྱི་རྒྱལ་དམངས་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་གི1.88%ཟིན།

2222.jpg

སུང་རའོ་ཧྥུན་གྱིས་རྒྱལ་ཁབ་ཀྱི་བོད་རིགས་དང་ཆཱང་རིགས། ཡུས་རིགས་བཅས་མི་རིགས་ཀྱི་རིག་གནས་ཐོན་ལས་ཀྱི་རྒྱུད་ལམ་མཚམས་སྦྱོར་བྱེད་པའི་ཚུལ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག