མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཧའོ་ཕིན་གྱིས་མཚོ་སྔོན“ 2013མཚོ་སྔོན་ཚོང་གཏམ་ཚོགས་འདུར་ཞུགས་པའི”ཧྥ་རན་སིའི་བ་ཚི་ཧུ་ཀུའུ་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པ་དང་ཐུག་འཕྲད་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-12 10:51

222.jpg

  སྤྱི་ཟླ6པའི་ཚེས9ཡི་ཉིན་གྱི་ཕྱི་དྲོར་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཧའོ་ཕིན་གྱིས་མཚོ་སྔོན“ 2013མཚོ་སྔོན་ཚོང་གཏམ་ཚོགས་འདུར་ཞུགས་པའི”ཧྥ་རན་སིའི་བ་ཚི་ཧུ་ཀུའུ་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པ་དང་ཐུག་འཕྲད་བྱས་པ།
 

333.jpg

ཧའོ་ཕིན་གྱིས་ཧྥ་རན་སིའི་བ་ཚི་ཧུ་ཀུའུ་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་མེས་ཞེ་ཨར· མིན་ཏ་ཨར་ཏོའོ་དང་གྲོས་མོལ་བྱས་པ།

444.jpg

  ཧའོ་ཕིན་གྱིས་ཐོག་མར་ཧྥ་རན་སིའི་བ་ཚི་ཧུ་ཀུའུ་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་མེས་ཞེ་ཨར· མིན་ཏ་ཨར་ཏོའོ་སོགས་མཚོ་སྔོན“ 2013མཚོ་སྔོན་ཚོང་གཏམ་ཚོགས་འདུར”ཞུགས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་མ་ཟད། མཚོ་སྔོན་ཞིང་ཆེན་གྱིས་མི་འགྱངས་བར་བ་ཚི་ཧུ་ཀུའུ་ཞིང་ཆེན་དང་མཛའ་མཐུན་ཞིང་ཆེན་གྱི་འབྲེལ་བའི་གྲོས་མཐུན་བཀོད་པར་རྟེན་འབྲེལ་ཞུས།

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཐུག་འཕྲད་བྱེད་སྐབས། ཧའོ་ཕིན་གྱིས་ཧྥ་རན་སིའི་བ་ཚི་ཧུ་ཀུའུ་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པར་མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་གནས་ཚུལ་མཚམས་སྦྱོར་བྱས།

  ཧྥ་རན་སིའི་བ་ཚི་ཧུ་ཀུའུ་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པའི་ཁོངས་མི་ཧྥ་རན་སིའི་བ་ཚི་ཧུ་ཀུའུ་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་མེས་ཞེ་ཨར· མིན་ཏ་ཨར་ཏོའོ་ཡིས་མཚོ་སྔོན་དང་བ་ཚི་ཧུ་ཀུའུ་ཞིང་ཆེན་གཉིས་ཀྱི་བརྗེ་རེས་མཉམ་ལས་བྱེད་པའི་ཐད་ལ་ཞིང་ཆེན་གཉིས་ཀྱི་དཔལ་འབྱོར་འཕེལ་རྒྱས་བྱ་བ་ཡར་སྐུལ་གཏོང་དགོས་པ་དང་། མཚོ་སྔོན“2013མཚོ་སྔོན་ཚོང་གཏམ་ཚོགས་འདུའི”སྟེང་ཞིང་ཆེན་གཉིས་བར་ཕན་ཚུན་རྒྱུས་ལོན་བྱེད་པར་སྟབས་བདེ་ཆེན་པོ་བཟོས་པས། རེབ་འདིའི་མཚོ་སྔོན་ཚོང་གཏམ་ཚོགས་འདུའི་སྟེང་ནས་གྲུབ་འབྲས་ཕུན་སུམ་ཚོགས་པོར་ལེན་ཐུབ་པའི་སྨོན་འདུན་ཞུས་པ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག