མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ལིག་ཀྲི་ཆང་གིས་ཟི་ལིང་གྲོང་ཁྱེར་མཁར་ནུབ་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ཀྱི་མེ་གསོད་བདེ་འཇགས་བྱ་བར་རྟོག་ཞིབ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-10 09:54

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས8ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་ལིག་ཀྲི་ཆང་ཆར་བའི་ཁྲོད་དུ་ཟི་ལིང་གྲོང་ཁྱེར་མཁར་ནུབ་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་སོང་ནས་མེ་གསོད་བདེ་འཇགས་བྱ་བར་ལྟ་ཞིབ་བྱས་པ་དང་། གནས་དེ་རུ་བྱ་བ་སྒྲུབ་བཞིན་པའི་སྤྱི་བདེ་ཉེན་རྟོག་པ་དང་མེ་གསོད་དཔོན་དམག་རྣམས་ལ་ལྟ་སྐོར་དང་འཚམས་འདྲི་བྱས།

ལིག་ཀྲི་ཆང་སོགས་ཀྱིས་གནད་སའི་འགྲེམ་ཁུལ་སོ་སོའི་་གནས་ཚུལ་དང་བྱ་བ་བཀོད་སྒྲིག་བྱས་པའི་གནས་ཚུལ་ལ་བལྟས་ནས་མེ་གསོད་རྒྱུད་ལམ་དང་མེ་གསོད་སྒྲིག་ཆས་སྒྲིག་སྦྱོར་བྱས་པའི་གནས་ཚུལ་སོགས་ལ་རྒྱུས་ལོན་ཞིབ་མོ་བྱས་རྗེས་བྱ་བ་དེའི་ཐད་གནས་པའི་གནད་དོན་ལ་དམིགས་ནས་བྱེ་བྲག་གི་རེ་བཏོན།  

ལིག་ཀྲི་ཆང་གིས་ནན་གྱིས་བསྟན་དོན། མེ་གསོད་བདེ་འཇགས་བྱ་བ་དེ་སྤྱིའི་བདེ་འཇགས་འགན་སྲུང་བྱེད་པའི་ལས་འགན་ཁྲོད་ཀྱི་་གོ་གནས་གལ་ཆེན་དུ་བཞག་ནས་སྤྱི་བདེ་མེ་གསོད་སྡེ་ཁག་གིས་སྟོབས་ཤུགས་ཡོད་ཚད་འདོན་པ་དང་། མེ་གསོད་ལྟ་རྟོག་གི་ཤུགས་ཚད་ཇེ་དྲག་ཏུ་གཏོང་བ། ཆེད་མི་མངག་ནས་ལྟ་རྟོག་བྱེད་དུ་འཇུག་པ། དུས་ཚོད་ཉེར་བཞིའི་རིང་ལ་རྒྱུན་མི་ཆད་པར་ལས་རེས་བཅས་བྱས་ནས་མེ་གསོད་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ་མེ་སྐྱོན་མི་འབྱུང་བར་འགན་སྲུང་བྱེད་དགོས། རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་བདེ་འཇགས་བྱ་བར་ཤུགས་བསྣན་ཏེ་སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཚོགས་སྟེང་དུ་དོན་རྐྱེན་འབྱུང་བར་སྔོན་འགོག་དང་གནད་སའི་ས་གནས་ཀྱི་བདེ་འཇགས་བྱ་བར་བརྟན་སྲུང་བྱེད་པ། འགྲེམ་སྟོན་ཁུལ་གྱི་བདེ་འཇགས་ལ་ལྟ་རྟོག་པ་བྱེད་པ་སོགས་ཕྱོགས་སོ་སོའི་བྱ་བའི་ཤུགས་ཇེ་དྲག་ཏུ་བཏང་ནས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་བདེ་བླག་དང་གོ་རིམ་ལྡན་པ། ཕུན་སུམ་ཚོགས་པ་བཅས་ཀྱི་སྒོ་ནས་ལེགས་འགྲུབ་འབྱུང་བར་འགན་སྲུང་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག