མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རེབ་གོང་སྒྱུ་རྩལ་ནི་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་ལམ་བུ་གསར་བར་བསྙེགས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཞིན་ཧྭ་དྲ་བ།  2013-06-09 11:15

སྤྱི་ཟླ6པའི་ཚེས7ཉིན། ཐུན་རིན་རྫོང་གི་རེབ་གོང་སྒྱུ་རྩལ་པ་སྐལ་བཟང་ཚེ་རིང་གིས་ཐང་ག་འབྲི་བཞིན་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་ཁོངས་སུ་ཆགས་པའི་དགུ་ཆུ་འགྲམ་རྒྱུད་ནི་རེབ་གོང་སྒྱུ་རྩལ་གྱི་འབྱུང་ཡུལ་ཡིན། རེབ་གོང་ས་ཁུལ་ལ་གསེར་མོ་ལྗོངས་ཀྱི་མཚན་སྙན་ཡོད་ལ། རེབ་གོང་སྒྱུ་རྩལ་ནི་ཐང་ག་དང་འབག་སྐུ། བརྩེགས་དྲུབ་སོགས་ཀྱིས་མཚོན་པ་དང་། ཀྲུང་གོའི་བོད་བརྒྱུད་ནང་བསྟན་སྒྱུ་རྩལ་གྱི་གྲུབ་མཐའ་གལ་ཆེན་ཞིག་ཡིན། 2006ལོར་རྒྱལ་ཁབ་རིམ་པའི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་མིང་མཛོད་ཁྲོད་ཚུད་པ་དང་། 2009ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་རིག་སློབ་གསོ་རྩ་འཛུགས་ཀྱི་མིའི་རིགས་ཀྱི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་མིང་མཛོད་ནང་ཚུད་པ་རེད།

    ད་ལྟ་རེབ་གོང་ས་ཁུལ་དུ་རེབ་གོང་སྒྱུ་རྩལ་རིག་གནས་ཐོན་ལས་སུ་ཞུགས་པའི་ཁྱིམ་ཚང4700ལྷག་དང་མི་ཁྲི1.6ཡོད། 2012ལོར་མཚོ་སྔོན་ཞིང་ཆེན་གྱིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་བཙུགས་པ་མ་ཟད། རེབ་གོང་རིག་གནས་འཕེལ་རྒྱས་ཐེབས་རྩ་ལ་མ་དངུལ་སྒོར་ཁྲི4000བཏང་སྟེ། ཁེ་ལས་ཀྱི་དངུལ་གཏོང་དང་སྤྱི་ཚོགས་ཀྱི་རོགས་སྐྱོར། དངུལ་རྩའི་ཡིད་རྟོན་དངུལ་བུན་བཅས་ཀྱི་རོགས་སྐྱོར་ལ་སྐུལ་འདེད་བཏང་། 2012ལོར་རེབ་གོང་སྒྱུ་རྩལ་རིག་གནས་ཐོན་ལས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར3.1ལ་སླེབས་པ་དང་། རེབ་གོང་སྒྱུ་རྩལ་པ་མི་རེའི་ཡོང་སྒོ་རྐྱང་བ་སྒོར་ཁྲི2ཙམ་ལ་སླེབས་པས་ས་གནས་དེའི་མི་རེའི་ཡོང་སྒོ་རྐྱང་བ་ལས་ལྡབ5ཡིན། །

   

སྤྱི་ཟླ6པའི་ཚེས7ཉིན། ཐུན་རིན་རྫོང་གི་རེབ་གོང་སྒྱུ་རྩལ་པ་སྐལ་བཟང་ཚེ་རིང་གིས་ཐང་ག་འབྲི་བཞིན་པ།   

སྤྱི་ཟླ6པའི་ཚེས7ཉིན། ཐུན་རིན་རྫོང་གི་རེབ་གོང་སྒྱུ་རྩལ་པ་སྐར་མ་ཚེ་བརྟན་གྱིས་རང་གིཁྱིམ་ནས་ཐང་ག་འབྲི་བཞིན་པ།    

 

སྤྱི་ཟླ6པའི་ཚེས7ཉིན། ཐུན་རིན་རྫོང་གི་རེབ་གོང་སྒྱུ་རྩལ་པ་ཤ་བོ་སྐྱབས་ཀྱིས་འབག་སྐུ་བཞེངས་བཞིན་པ།

སྤྱི་ཟླ6པའི་ཚེས7ཉིན། ཐུན་རིན་རྫོང་གི་རེབ་གོང་སྒྱུ་རྩལ་པ་རྡོ་རྗེ་རྒྱལ་གྱིས་ཐང་ག་འབྲི་བཞིན་པ།

  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག