མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཡུས་ཧྲུའུ་ཁུལ་གློག་དྲ་དང་རྒྱལ་ཁབ་གློག་དྲ་གཙོ་བོའི་གློག་སྟོང་བ་ཧྥུའུ་སུམ་བརྒྱ་དང་སུམ་ཅུའི་དྲ་འབྲེལ་བཟོ་སྐྲུན་ལེགས་འགྲུབ་བྱུང་སྟེ་ཚོད་ལྟའི་ཚུལ་དུ་བཀོལ་སྤྱོད་བྱེད་མགོ་ཚུགས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-08 10:46

2222.jpg

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་དང་། ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཧའོ་ཕིན། རྒྱལ་ཁབ་གློག་དྲ་ཀུང་ཟིའི་ཏང་ཙུའུ་ཁོངས་མི། སྤྱི་ཁྱབ་ཅིན་ལི་གཞོན་པ་ཧྲེ་ཅོན་ཆིན་བཅས་ཀྱིས་མཉམ་དུ་ཆུ་ཤེལ་ལྒིང་ལིར་རེག་པ་དེས་དྲ་འབྲེལ་བཟོ་སྐྲུན་དངོས་སུ་མགོ་བརྩམས་པ་མཚོན་པར་བྱས།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས6ཉིན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གློག་དྲ་དང་རྒྱལ་ཁབ་གློག་དྲ་གཙོ་བོའི་གློག་སྟོང་བ་ཧྥུའུ་སུམ་བརྒྱ་དང་སུམ་ཅུའི་དྲ་འབྲེལ་བཟོ་སྐྲུན་ལེགས་འགྲུབ་བྱུང་སྟེང་ཚོད་ལྟའི་ཚུལ་དུ་བཀོལ་སྤྱོད་བྱེད་མགོ་ཚུགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་དང་། ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཧའོ་ཕིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ལོ་ཡུས་ལིན། རྒྱལ་ཁབ་གློག་དྲ་ཀུང་ཟིའི་ཏང་ཙུའུ་ཁོངས་མི། སྤྱི་ཁྱབ་ཅིན་ལི་གཞོན་པ་ཧྲེ་ཅོན་ཆིན་སོགས་བཟོ་སྐྲུན་ལེགས་འགྲུབ་བྱུང་བའི་མཛད་སྒོར་ཞུགས།

    གོང་གི་བཟོ་སྐྲུན་དེས་ཡུས་ཧྲུའུ་ཡི་གློག་ཤུགས་སྟོང་བ་ཧྥུའུ་སུམ་བརྒྱ་དང་སུམ་ཅུར་ཇེ་མཐོར་གཏོང་ཐུབ་པས། མཚོ་སྔོན་གྱི་ཁུལ་དང་ས་གནས། གྲོང་ཁྱེར་བཅས་ས་གནས་ཡོད་ཚད་ཀྱི་གློག་དྲ་འབྲེལ་མཐུད་བྱེད་ཐུབ་ལ། མཚོ་སྔོན་གྱི་གློག་ཤུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་གི་བྱས་རྗེས་གལ་ཆེན་ཞིག་ཀྱང་ཡིན་པས། བཟོ་སྐྲུན་འཛུགས་སྐྲུན་བྱེད་པར་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་དོན་སྙིང་གལ་ཆེན་ལྡན།

    ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་དང་། ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཧའོ་ཕིན། རྒྱལ་ཁབ་གློག་དྲ་ཀུང་ཟིའི་ཏང་ཙུའུ་ཁོངས་མི། སྤྱི་ཁྱབ་ཅིན་ལི་གཞོན་པ་ཧྲེ་ཅོན་ཆིན་བཅས་ཀྱིས་མཉམ་དུ་ཆུ་ཤེལ་ལྒིང་ལིར་རེག་པ་དེས་དྲ་འབྲེལ་བཟོ་སྐྲུན་དངོས་སུ་མགོ་བརྩམས་པ་མཚོན་པར་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག