མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་མིང་གྲགས་ཕུལ་བྱུང་ཐོན་རྫས་དང2013བོད་རུམ་འགྲེམ་སྟོན་དྲིལ་སྒྲོག་མཚམས་སྦྱོར་བྱ་འགུལ་ཁུང་མིན་ནས་སྤེལ་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-06-08 10:45

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས7ཉིན། མཚོ་སྔོན་ཞིང་ཆེན་གྱི་མིང་གྲགས་ཕུལ་བྱུང་ཐོན་རྫས་དང2013ཀྲུང་གོ་མཚོ་སྔོན་བོད་རུམ་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུའི་དྲིལ་སྒྲོག་མཚམས་སྦྱོར་བྱ་འགུལ་ཁུང་མིན་གྲོང་ཁྱེར་ནས་སྤེལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཧྲིན་ཀྲང་གཞོན་པ་ཝང་ཞའོ་ཚོགས་འདུ་ལ་ཞུགས་པ་མ་ཟད་གཏམ་བཤད། ཡུན་ནན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཡུས་ཏིན་ཁྲིན་ཚོགས་འདུར་ཞུགས་ཤིང་གཏམ་བཤད།

སྤྱི་ཟླ6པའི་ཚེས6ཉིན་ནས་ཚེས10ཉིན་བར་དུ་ཁུང་མིན་ནས་སྐབས་དང་པོའི་ཀྲུང་གོའི་ཨེ་ཤ་ཡ་ལྷོ་མའི་འགྲེམ་སྟོན་ཚོགས་འདུ་སྤེལ་བའི་གོ་སྐབས་དང་བསྟུན། རབ་མཛེས་ཀྱི་མཚོ་སྔོན་དྲིལ་སྒྲོག་བྱས་ཏེ། མཚོ་སྔོན་གྱི་མིང་གྲགས་དང་དང་ཕུལ་བྱུང་ཐོན་རྫས་དང་། ཅུང་མ་འགོར་བར་བསྡུ་རྒྱུ་ཡིན་པའི་བོད་རུམ་འགྲེམ་སྟོན་ཚོགས་འདུ་དྲིལ་སྒྲོག་བྱས་ལ། དེས་མཚོ་སྔོན་དང་ཡུན་ནན་སོགས་རྒྱལ་ནང་གི་ས་ཁུལ་དང་ཨེ་ཤ་ཡ་ལྷོ་མའི་རྒྱལ་ཁབ་སོ་སོའི་བར་གྱི་བརྗེ་རེས་དང་མཉམ་ལས་ལ་སྔར་ལས་སྐུལ་འདེད་བཏང་བ་དང་། ཧུར་བརྩོན་གྱིས་མཚོ་སྔོན་གྱིས་ཕྱི་ཕྱོགས་ལ་སྒོ་ཕྱེས་ཏེ་སྔར་ལས་གཏིང་ཟབ་པའི་སྒོ་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

ཝང་ཞའོ་ཡིས་བཤད་རྒྱུར། མཚོ་སྔོན་ནི་མཚོ་བོད་མཐོ་སྒང་གི་ཤར་བྱང་ཁུལ་དུ་ཆགས་ཡོད་ལ། ས་ཁོངས་རྒྱ་ཆེ་བ་དང་ཐོན་ཁུངས་ཕུན་སུམ་ཚོགས་ལ། རི་ཆུ་བརྗིད་ཆགས་མཛེས་སྡུག་ལྡན་ཞིང་རིག་གནས་ཀྱི་གཏིང་ཟབ་པོ་ཡོད། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གྱིས་ཁྱད་ཆོས་ལྡན་པའི་ཆས་རྟགས་སྐོར་ཞིག་གསར་སྐྲུན་བྱས་ཡོད་ལ། ལྷག་པར་དུ་རྒྱལ་སྤྱིའི་ཚོང་རའི་སྤུས་ཚད་མཐོ་བ་དང་ཁྱད་ལྡན་ཅན། སྣ་མང་ཅན་གྱི་དགོས་མཁོའི་ལྡན་ཆོས་མཐུན་སྦྱོར་བྱེད་པའི་ཐད་ནས་ཕན་འབྲས་ལེགས་པོ་བླངས་ཡོད། ཁོས་བཤད་རྒྱུར། སྤྱི་ཟླ6པའི་ཚེས20ཉིན་ནས་ཚེས24ཉིན་བར་དུ2013ལོའི་ཀྲུང་གོ་མཚོ་སྔོན་བོད་རུམ་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་ཟི་ལིང་དུ་ཚོགས་རྒྱུ་ཡིན་ལ། ངས་འདི་ནས་ལྷག་བསམ་རྣམ་དག་གིས་ཚང་མ་བརྒྱུད་དེ་རྒྱལ་ཁབ་ཕྱི་ནང་གི་གྲོགས་པོ་དང་ཁེ་ལས་ལ་གདན་ཞུ་བྱས་པ་ཡིན་པ་དང་། ད་ལོའི་བོད་རུམ་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་ལ་ཞུགས་པ་དང་རབ་མཛེས་མཚོ་སྔོན་དུ་བསྐྱོད་པ། མཚོ་སྔོན་ལ་རྒྱུས་ལོན་བྱས་ཏེ་མཚོ་སྔོན་དུ་གནས་སྐོར་དང་དངུལ་གཏོང་ལས་རིགས་སྤེལ་བ། ཐུན་མོང་གི་འཕེལ་རྒྱས་སུ་གཏོང་བར་དགའ་བསུ་ཞུས་པ་ཡིན་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག