མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ཤར་ས་ཁུལ་གྱིས་བོད་རྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཚབ་བྱེད་མི་སྣའི་གསོ་སྦྱོང་འཛིན་གྲྭ་བསྡུས་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-08 10:43

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ས་ཁུལ་དམངས་ཆོས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གླིང་མཚོ་ཤར་ས་ཁུལ་ཡན་ལག་སློབ་གླིང་ནས་ས་ཁུལ་ཡོངས་ཀྱི་བོད་རྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་ཀྱི་ཚབ་བྱེད་མི་སྣའི་གསོ་སྦྱོང་འཛིན་གྲྭ་བསྡུས། གསོ་སྦྱོང་འཛིན་གྲྭས་གཅིག་བསྡུས་ཀྱིས་གསོ་སྦྱོང་དང་ཕྱི་རོལ་དུ་རྟོག་ཞིབ་འགྲོ་བ་གཉིས་ཟུང་འབྲེལ་བྱེད་པའི་བྱེད་ཐབས་སྤྱད་ནས་གསོ་སྦྱོང་བྱས།

གཅིག་བསྡུས་སློབ་ཁྲིད་བྱེད་པའི་སྐབས་སུ། ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་ནས་བོད་ཀྱི་རིག་གནས་ཐད་ཀྱི་ཆེད་མཁས་པ་དྲུག་གདན་དྲངས་ནས་སློབ་མར་དགོན་སྡེ་ནང་ཁུལ་གྱི་དོ་དམ་དང་། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས། བཅའ་ཁྲིམས་ཁྲིམས་སྲོལ། གནས་བབ་གསར་བའི་འོག་ཅི་ལྟར་ཚད་ལྡན་གྱི་ཆོས་ལུགས་ལས་བྱེད་པ་ཞིག་བྱེད་དགོས་ཚུལ་སོགས་ཐད་ནས་སློབ་ཁྲིད་བྱས་པ་མ་ཟད། ཚན་ཆུང་བགོས་ནས་གྲོས་བསྡུར་བྱས། གྲོས་བསྡུར་ཁྲོད་ཚང་མས་ཁ་གཏད་རང་བཞིན་ལྡན་པའི་གསོ་སྦྱོང་འཛིན་གྲྭ་འདི་འདྲུ་ཞིག་བསྡུས་བར་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད་པ་དང་། སློབ་ཁྲིད་ཀྱི་ནང་དོན་དེ་གཞི་རིམ་གྱི་དངོས་ཡོད་གནས་ཚུལ་དང་ཡང་ཧ་ཅང་འཚམ་པ་མ་ཟད། རྗེས་ཕྱོགས་བོད་རྒྱུད་ནང་བསྟན་ཐད་ཀྱི་བྱ་བ་སྔར་ལས་བཟང་བོར་སྒྲུབ་པར་མཛུབ་སྟོན་གྱི་ནུས་བ་འདོན་ཐུབ་སྙམ།

གསོ་སྦྱོང་མཇུག་རྫོགས་རྗེས། བོད་རྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་ཀྱི་ཚབ་བྱེད་མི་སྣ་ཉི་ཤུ་ཧའེ་ནན་དང་ཀོང་ཏོན་ཞིང་ཆེན་གཉིས་ལ་རྟོག་ཞིབ་སློབ་སྦྱོང་བྱེད་པར་ཕྱིན། ཚང་མས་ཐེངས་འདིའི་སློབ་སྦྱོང་གི་གྲུབ་འབྲས་དེ་དངོས་ཡོད་ཀྱི་འཚོ་བའི་ཁྲོད་བཀོལ་ནས། ཏང་ཨུ་དང་སྲིད་གཞུང་གི་བྱ་བར་མཉམ་སྡེབ་བྱས་པ་དང་། དགོན་སྡེའི་དོ་དམ་ལ་ཤུགས་སྣོན་པ་བཅས་བྱས་ནས། མི་རིགས་མཐུན་སྒྲིལ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་རང་གིས་ནུས་པ་འདོན་རྒྱུ་ཡིན་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག