མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ན་གོར་མོ་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར3བཏང་ནས་ཁུ་ནུ་གཡང་ཊི་རིག་གནས་ཐོན་ལས་ར་བ་འཛུགས་སྐྲུན་བྱེད་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-06-07 10:59

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ5བའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིག་གནས་འཛུགས་སྐྲུན་བཟོ་འགོད་ཆེན་མོ་བརྒྱད་ཁྲོད་ཚུད་པའི་ཁུ་ནུ་གཡང་ཊི་རིག་གནས་ཐོན་ལས་ར་བ་དེ་ན་གོར་མོ་གྲོང་ཁྱེར་ནས་འཛུགས་སྐྲུན་བྱེད་འགོ་བརྩམས། ལས་གཞི་འདི་ནི་ན་གོར་མོ་ཁུལ་གསར་འཛུགས་སྐྲུན་ལས་འགོ་རྩོམ་པའི་ལས་གཞི་གྲས་ཀྱི་གཅིག་ཡིན།

ཁུ་ནུ་གཡང་ཊི་རིག་གནས་ཐོན་ལས་ར་བའི་ལས་གཞིའི་སྤྱིའི་མ་དངུལ་སྒོར་དུང་ཕྱུར3ཡིན་པ་དང་། སའི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་ཁྲི30ཡོད། ན་གོར་མོ་ཁུ་ནུ་གཡང་ཊི་ཚད་ཡོད་འགན་འཁྲི་ཀུང་ཟིས་འཛུགས་སྐྲུན་བྱེད་པ་དང་། ཁུལ་གསར་བརྒྱད་གཅིག་ནུབ་ལམ་གྱི་ལྷོ་ངོས་སུ་ཆགས་ཡོད་ལ། འཆར་བཀོད་སའི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ182281དང་བཟོ་སྐྲུན་རྒྱ་ཁྱོན་ལ་མུས་གྲུ་བཞི་མ34865ཡོད། ལས་གཞི་འཛུགས་སྐྲུན་དུས་ཡུན་ལོ3དང་འཆར་གཞི་ལྟར་ན་ད་ལོར་གཙོ་གནད་འཛུགས་སྐྲུན་ལེགས་འགྲུབ་བྱེད་རྒྱུ་དང་། 2015ལོར་འཛུགས་སྐྲུན་ལེགས་འགྲུབ་བྱས་ཏེ་བེད་སྤྱོད་བྱེད་རྒྱུ་རེད།

ལས་གཞི་འཛུགས་སྐྲུན་ལེགས་འགྲུབ་བྱུང་རྗེས་གཡང་ཊི་དབྱེ་འབྱེད་དང་ཞིབ་འཇུག ལས་སྣོན། ཉོ་ཚོང་། གནས་སྐོར་བཅས་གཅིག་ཏུ་འདུས་པའི་ས་གནས་ཁྱད་ལྡན་གྱི་ཁུ་ནུ་གཡང་ཊི་རིག་གནས་ཐོན་ལས་རྟེན་གཞི་ཞིག་ཏུ་འགྱུར་ཐུབ་ལ། གཡང་ཊི་ཚོང་བ500ལྷག་གི་ཉོ་ཚོང་དང་ལས་བཟོ་བ་མི3000ལྷག་གི་ལས་ཞུགས་ཀྱི་དགོས་མཁོ་སྐོང་ཐུབ། ལས་གཞི་འདི་འཛུགས་སྐྲུན་བྱས་པ་ཡིས་ན་གོར་མོ་ཁུ་ནུ་གཡང་ཊི་རིག་གནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་དང་སྣེ་ཁྲིད་བྱེད་ཐུབ་པ་མ་ཟད། ན་གོར་མོའི་དཔལ་འབྱོར་འཕེལ་རྒྱས་དང་གྲོང་ཁྱེར་འཛུགས་སྐྲུན་གྱི་ལྷང་ངེ་ས་གསར་བ་ཞིག་ཏུ་འགྱུར་སྲིད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག