མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་བགྲོད་ལམ་དང་འགྲིམ་འགྲུལ་བདེ་འཇགས་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-07 10:59

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཟླ6པའི་ཚེས6ཉིན་ཞིང་ཆེན་བགྲོད་ལམ་དང་འགྲིམ་འགྲུལ་བདེ་འཇགས་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་ནས། བགྲོད་ལམ་དང་འགྲིམ་འགྲུལ་བདེ་འཇགས་བྱ་བ་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་ལིག་ཀྲི་ཆང་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ས་ཁུལ་དང་སྡེ་ཁག་སོ་སོས་ཁྲིམས་ནན་མོ་སྤེལ་བ་དང་། དོ་དམ་ནན་མོ་བྱེད་པ། ལམ་ལུགས་འཐུས་ཚང་དུ་གཏོང་བ། མ་དངུལ་གཏོང་ཤུགས་ཇེ་ཆེར་གཏོང་བ་དང་། རྨང་གཞི་ཇེ་བརྟན་དུ་གཏོང་བ་སོགས་ཀྱི་ཐད་ནས་གཟབ་ནན་བྱས་ཏེ། བགྲོད་ལམ་དང་སྐྱེལ་འདྲེན་བདེ་འཇགས་དོ་དམ་བྱ་བར་ཤུགས་བསྣན་ནས། བགྲོད་ལམ་དང་འགྲིམ་འགྲུལ་བདེ་འཇགས་ཀྱི་རྒྱུན་རྐྱེན་གཙོ་བོར་ལྟ་ཞིབ་དང་། གྲོང་ཁྱེར་གྱི་བགྲོད་ལམ་དང་འགྲིམ་འགྲུལ་ཤར་གཏོང་བྱེད་པའི་བཟོ་སྐྲུན་ལག་བསྟར་བྱེད་ཤུགས། ཞིང་སྡེ་འབྲོག་ཁུལ་གྱི་བགྲོད་ལམ་དང་འགྲིམ་འགྲུལ་བདེ་འཇགས་དོ་དམ་བྱ་བར་ཤུགས་སྣོན་དགོས་པ་དང་། བགྲོད་ལམ་དང་འགྲིམ་འགྲུལ་བདེ་འཇགས་ཁྲིམས་སྐྱོང་བྱ་བར་ཤུགས་སྣོན་པ། བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་དྲིལ་སྒྲོག་སློབ་གསོ་བྱ་བ་ནན་ཏན་སྒོས་སྤེལ་དགོས་པ་དང་། བགྲོད་ལམ་དང་འགྲིམ་འགྲུལ་བདེ་འཇགས་བྱ་བ་དམ་འཛིན་བྱེད་པའི་བྱེད་ཐབས་སྣ་ཚོགས་དངོས་འབེབས་བྱས་ཏེ། བགྲོད་ལམ་དང་འགྲིམ་འགྲུལ་བདེ་འཇགས་བྱ་བར་ཕྱོགས་ཡོངས་ནས་ཤུགས་སྣོན་དགོས་ཟེར།

གྲོས་ཚོགས་ནས་ས་ཁུལ་དང་། སྡེ་ཁག་སོ་སོས་འགྲིམ་འགྲུལ་བདེ་འཇགས་གཅིག་བསྡུས་དག་ཐེར་བཅོས་སྐྱོང་དང་། བགྲོད་ལམ་བདེ་འཇགས་ཉེན་ཁ་རྩད་ཞིབ་དག་ཐེར་བཅོས་སྐྱོང་། བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ལྟ་ཞིབ་ཆེད་དོན་སོགས་བྱ་འགུལ་སྤེལ་ནས། བགྲོད་ལམ་དོ་དམ་ཚོད་འཛིན་བྱ་བར་ཤུགས་བསྣན་ནས། བགྲོད་ལམ་དང་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་འབྱུང་བར་སྔོན་འགོག་བྱེད་དགོས་པ་མ་ཟད། བགྲོད་ལམ་དང་འགྲིམ་འགྲུལ་བདེ་འཇགས་བྱ་བའི་རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་དགོས་པ་དང་། འགྲིམ་འགྲུལ་བདེ་འཇགས་མགོ་ཁྲིད་པའི་འགན་འཁུར་ལམ་ལུགས་དངོས་འབེབས་ནན་མོ་བྱས་ནས། བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བྱ་བ་དེ་རིམ་པ་བཞིན་དུ་དམ་འཛིན་ནན་མོ་བྱེད་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག