མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཞིབ་དཔྱོད་དཔོན་པོ་ཚོ་ཅན་མེན་གྱིས་མཚོ་སྔོན་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་བྱས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-07 10:58

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཞིབ་དཔྱོད་དཔོན་པོ་ཚོ་ཅན་མེན་གྱིས་སྤྱི་ཟླ6པའི་ཚེས4ནས་ཚེས6ཉིན་བར་མཚོ་སྔོན་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་བྱས་པ་མ་ཟད། བོད་ཁུལ་དང་ཡུས་ཧྲུའུ་ཁུལ་གྱི་གནོད་འཚེ་ས་ཁུལ་དུ་སོང་ནས་ཞིབ་དཔྱོད་མི་སྣར་འཚམས་འདྲི་བྱས། ཚོ་ཅན་མེན་གྱིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཞིབ་དཔྱོད་ལས་ཁུངས་ཀྱིས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གནང་བའི་བདེ་འཇགས་ཀྱི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་བདེ་འཇགས་ཀྱི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་གཏིང་ཟབ་དུ་སྤེལ་དགོས་པ་དང་། སྤྱི་ཚོགས་དྲང་བདེན་དྲང་བཞག་སྲུང་སྐྱོང་དང་། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡོང་བར་སྲུང་སྐྱོང་བྱེད་པ། འབྱོར་འབྲིང་སྤྱི་ཚོགས་ཀྱི་རེ་བ་གསར་བ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་བ་དང་མཐུན་པར་བྱས་ནས། ཞིབ་དཔྱོད་བྱ་བ་བཟང་བོར་སྒྲུབ་ནས་བདེ་འཇགས་ཀྱི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་བྱ་བ་སྣ་ཚོགས་ཡར་སྐུལ་བྱེད་དགོས་ཟེར། ལོ་ཧོས་ཉིན་དང་ཧའོ་ཕིན། བསྟན་ཁོ་སོགས་ཀྱིས་ཚོ་ཅན་མེན་ལ་ཐུགས་འཕྲད་བྱས་པ་མ་ཟད། ཞིབ་དཔྱོད་བྱ་བའི་ཐད་ལ་བསམ་འཆར་བརྗེ་རེས་བྱས། ལོ་ཧོས་ཉིན་གྱིས་ད་རུང་ཟི་ལིང་གྲོང་ཁྱེར་མཁར་ནུབ་ས་ཁུལ་གྱི་ཞིབ་དཔྱོད་ཁང་གི་བྱ་བར་རྟོག་ཞིབ། མཐོ་རིམ་མི་དམངས་ཞིབ་དཔྱོད་ཁང་ཏང་ཙུའུ་ཡི་ཁོངས་མི། ཆབ་སྲིད་པུའུ་ཡི་ཀྲུའུ་རིན་ལིས་རུའུ་ལིན་དང་ཝང་ལིན་ཅོན། ཝང་ཞོ་ཡུང་སོགས་རྟོག་ཞིབ་བྱ་བར་ཞུགས།

ཚོ་ཅན་མེན་གྱིས་ནན་གྱིས་བསྟན་དོན། ལོ་མཇུག་ཏུ་ཞིབ་དཔྱོད་བྱ་བ་བཟང་བོར་སྒྲུབ་ནས་བདེ་འཇགས་ཀྱི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་བྱ་བ་སྣ་ཚོགས་ཡར་སྐུལ་བྱེད་དགོས་པའི་ཞོར་དུ། ཞིབ་དཔྱོད་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གནང་བའི་སྲིད་ཁྲིམས་བྱ་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པར་ཕྱོགས་ཡོངས་ནས་སློབ་སྦྱོང་ལག་བསྟར་བྱེད་དགོས་པ་དང་། བཅོས་སྒྱུར་འཕེལ་རྒྱས་དང་བརྟན་འཇགས་བཅས་ཀྱི་ཆེ་ཕྱོགས་བྱ་བ་དམ་འཛིན་བྱེད་པ། ནན་ཏན་སྒོས་ཁྲིམས་ལུགས་ལྟ་ཞིབ་འགན་ནུས་སྣ་ཚོགས་ལག་བསྟར་བྱས་ནས། ཞིབ་དཔྱོད་བྱ་བའི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས་ཟེར།

རྟོག་ཞིབ་བྱེད་སྐབས། ཚོ་ཅན་མེན་གྱིས་ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་བཅོས་སྒྱུར་བྱ་བ་གཏིང་ཟབ་དུ་སྤེལ་བའི་རྟོག་ཞིབ་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། སྔ་གཞུག་ཏུ་ཟི་ལིང་གྲོང་ཁྱེར་མཁར་ནུབ་ས་ཁུལ་ཞིབ་དཔྱོད་ཁང་དང་། རྒྱལ་ཁབ་ཞིབ་དཔྱོད་དཔོན་པའི་སློབ་གླིང་མཚོ་སྔོན་ཡན་ལག་གླིང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིབ་དཔྱོད་ཁང་དང་གུང་ཧོ་རྫོང་ཞིབ་དཔྱོད་ཁང་བཅས་ཀྱི་བྱ་བར་རྟོག་ཞིབ་བྱས་པ་མ་ཟད། ཡུས་ཧྲུའུ་ཁུལ་ཞིབ་དཔྱོད་ཁང་དང་ཡུས་ཧྲུའུ་རྫོང་ཞིབ་དཔྱོད་ཁང་གི་གནས་སྐབས་ཀྱི་གཞུང་སྒྲུབ་བྱེད་སའི་ཞིབ་དཔྱོད་མི་སྣར་འཚམས་འདྲི་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག