ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་ནས་རྒྱུས་ལོན་པ་ལྟར་ན། མགྱོགས་མྱུར་སྒོས་མཐོ་སྒང་གི་གནས་སྐོར་མིང་གྲགས་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་ཆེད། ད་ལོར་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་གནས་སྐོར་ཐོན་ལས་འཕེལ་རྒྱས་མ་དངུལ་སྒོར་དུང་ཕྱུར2བཏང་ནས་གནས་སྐོར་ཞབས་ཞུའི་སྤུས་ཚད་ཇེ་མཐོར་གཏོང་བ་དང་། མཚོ་སྔོན་གྱི་གནས་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།
རྒྱུས་ལོན་པ་ལྟར་ན། གནས་སྐོར་ཐོན་ལས་འཕེལ་རྒྱས་མ་དངུལ་དེ་གཙོ་བོ་མཚོ་སྔོན་པོ་དང་ཧུའུ་ཀྲུའུ་རྒྱལ་ཁབ་རིམ་པའི་གནས་སྐོར་གུང་གསེང་ཁུལ། མཚོ་ལྷོ་དང་རྨ་ལྷོ་རིག་གནས་གནས་སྐོར་སོགས་གཙོ་གནད་ལས་གཞི་དང་ལྟེ་གནད་ཆས་རྟགས་འཛུགས་སྐྲུན་ཐད་བཀོལ་རྒྱུ་རེད།
2011ལོ་ནས2013ལོའི་བར་དུ། ཞིང་ཆེན་ནོར་སྲིད་ཀྱིས་བསྡོམས་པས་གནས་སྐོར་འཕེལ་རྒྱས་ཐད་ཀྱི་ཆེད་དམིགས་མ་དངུལ་སྒོར་དུང་ཕྱུར5.54ཡི་རོགས་སྐྱོར་བྱས་ཤིང་། གནས་སྐོར་ལས་རིགས་ཀྱི་གཞི་རྩའི་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར1.7ལྷག་བཏང་སྟེ། གཙོ་བོ་གནས་སྐོར་འཆར་འགོད་དང་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན། གཙོ་གནད་ལས་གཞིའི་བུན་སྦྱོར་དང་ཁ་གསབ། དྲིལ་སྒྲོག་སྐུལ་སྤེལ་སོགས་ཀྱི་ཐད་ལ་བཀོལ་ཡོད། །