མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་རིམ་པའི་བཟོ་ཚོགས་དང་གུང་གཞོན་ཚོགས་པ། བུད་མེད་མཉམ་ལྷན་ཚོགས་བཅས་རྩ་འཛུགས་བྱས་ནས་་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕེན་གྱི་སློབ་གསོའི་ལག་ལེན་བྱ་འགུལ་བརྗོད་བྱ་གཙོ་བོ་ཡིན་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བྱེད་པའི་གྲོས་ཚོགས་བསྡུས་པ།

རྩོམ་པ་པོ། བསོད་ནམས་ལྷ་མོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-07 10:57

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་སུའུ་ཉིན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་རིམ་པའི་བཟོ་ཚོགས་དང་གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་རྩ་འཛུགས་བྱས་ནས་་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་སློབ་གསོའི་ལག་ལེན་བྱ་འགུལ་བརྗོད་བྱ་གཙོ་བོ་ཡིན་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བྱེད་པའི་གྲོས་ཚོགས་བསྡུས་ཏེ་བཟོ་ཚོགས་དང་གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མི་དམངས་ཚོགས་པའི་རང་རང་གི་ཁྱད་ཆོས་ལྡན་པའི་སློབ་གསོའི་ལག་ལེན་བྱ་འགུལ་བརྗོད་བྱ་གཙོ་བོ་ཡིན་པའི་ཇུས་གཞི་ལ་ཞིབ་འཇུག་དང་སྒྲིག་བཟོ་བྱས།

གྲོས་ཚོགས་ནས་བསྟན་དོན། ཏང་གི་ཚོགས་བཅོ་བརྒྱད་པ་ཚོགས་པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཏང་སྐྱོང་དང་རྒྱལ་སྐྱོང་། དམག་སྐྱོང་བཅས་ལ་དམིགས་ནས་གསུང་བཤད་གལ་ཆེན་རབ་དང་རིམ་གནང་སྟེ་བསམ་ཕྱོགས་གསར་བ་དང་ལྟ་བ་གསར་བ། སྒེར་སྡོམ་གསར་བ་མང་པོ་བཏོན། ཞིང་ཆེན་ཡོངས་ཀྱི་མི་དམངས་ཚོགས་པས་དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་ལ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས་གོ་བ་གཏིང་ཟབ་ལེན་པ་དང་བྱ་བར་མཛུབ་སྟོན་བྱས་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་རྒྱུན་ཆད་མེད་པར་བྱ་བ་འཕེལ་རྒྱས་སུ་གཏོང་བའི་སྟོབས་ཤུགས་སུ་སྒྱུར་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན།  

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། བཟོ་ཚོགས་རྩ་འཛུགས་ཀྱིས་སྦྲེལ་ཐག་གི་ནུས་པ་འདོན་སྤེལ་བྱེད་པ་དང་། རྒྱ་ཆེའི་ལས་བཟོ་བར་མཐུན་སྒྲིལ་སྒོས་སྐུལ་སློང་བྱས་ནས་གཙོ་ཤུགས་དམག་དཔུང་གི་ནུས་འདོན་སྤེལ་བྱེད་པ་དང་། ཏན་ཏིག་སྒོས“ཀྲུང་གོའི་ཕུགས་འདུན་དང་ངལ་རྩོལ་གྱི་མཛེས་པ”ཞེས་པའི་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་དགོས། གུང་གཞོན་ཚོགས་པ་རྩ་འཛུགས་ཀྱིས་མཐུན་སྒྲིལ་སྒོས་རྒྱ་ཆེའི་ན་གཞོན་དང་གུང་གཞོན་ཚོགས་པ་སྐུལ་སློང་བྱས་ནས་རང་སྟེང་གི་ནུས་པ་འདོན་སྤེལ་བྱེད་དགོས། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱ་ཆེའི་བུད་མེད་རྣམས་རྩ་འཛུགས་བྱས་ནས་རང་འགུལ་སྒོས་རང་ཉིད་མཚར་ལོངས་འབྱུང་བ་དང་མཚོ་སྔོན་གྱི་འཕེལ་རྒྱས་གཉིས་ཟུང་འབྲེལ་དམ་པོ་བྱས་ཏེ་བུད་མེད་གནམ་གྱི་ཕྱེད་ཀས་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་བསྟན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག