མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་དྭ་ཕྲུག་བྱིས་པའི་འགན་སྲུང་བྱ་བ་ཚད་ལྡན་ཅན་གྱི་ལམ་དུ་བསྐྱོད་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-06-06 11:09

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ་མཚོ་སྔོན་ཞིང་ཆེན་གྱིས་དྭ་ཕྲུག་འགན་སྲུང་བྱེད་པའི་བྱ་བར་ཤུགས་བསྣན་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཆུ་ཚད་དང་མཐུན་པའི་དྭ་ཕྲུག་བྱིས་པར་འགན་སྲུང་བྱེད་པའི་ལམ་ལུགས་བཙུགས་ནས། “དྭ་ཕྲུག་བྱིས་པ་སྐྱེས་མ་ཐག་ཏུ་གཉོར་སྐྱོང་བྱེད་ས་དང་། ནད་སྟོན་ས་ཡོད་པ། འདུག་ས་ཡོད་པ་དང་། སློབ་སྦྱོང་བྱེད་ས་ཡོད་པས”བྱིས་པ་རྣམས་ཚད་ལྡན་ཅན་དང་། ལམ་ལུགས་ཅན། ཚད་གཞི་ཅན་གྱི་ལམ་དུ་བསྐྱོད།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་བྱེད་ཐབས་སྣ་ཚོགས་སྤྱད་དེ། “ཁྱིམ་ཚང་གིས་བདག་སྐྱོང་བྱེད་པ་རྨང་གཞི་ཡིན་པ་དང་། ལས་ཁུངས་ཀྱིས་ཞབས་ཕྱི་བསྒྲུབ་པ་གཙོ་བོ་ཡིན་པ། སྡོད་ཁུལ་ཀྱིས་ལྟ་སྐྱོང་བྱེད་པ”རྒྱབ་རྟེན་བྱས་ནས། མཁར་གྲོང་གཞི་གཅིག་ཅན་དང་། རྩ་འཛུགས་དྲ་རྒྱ་ཅན། ཞབས་ཕྱི་ཆེད་ལས་ཅན། འགན་སྲུང་ལམ་ལུགས་ཅན་བཅས་ཀྱི་དྭ་ཕྲུག་བྱིས་པ་དང་དཀའ་ཁག་ཅན་གྱི་བྱིས་པར་ཕན་བདེ་སྐྲུན་པའི་སྲིད་ཇུས་རིམ་བཞིན་མ་ལག་ཆགས་ཏེ། ཕན་འབྲས་ལྡན་པའི་སྒོ་ནས་དྭ་ཕྲུག་བྱིས་པའི་གཞི་རྩའི་འཚོ་བའི་ཁེ་དབང་འགན་སྲུང་བྱས་པ་མ་ཟད། བྱིས་པའི་ཕན་བདེ་ལས་དོན་མཆོང་སྐྱོད་རང་བཞིན་གྱིས་འཕེལ་རྒྱས་སུ་གཏོང་བའི་བྱ་བ་མངོན་འགྱུར་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག