མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ཤར་ས་ཁུལ་གྱི་སྨན་བཅོས་ལམ་ལུགས་བཅོས་བསྒྱུར་གྱིས་ཁྱིམ་ཚང་ཡོངས་ལ་ཕན་ཁེ་བསྐྲུན་ཞིང་སྡེ་བའི་འཕྲོད་བསྟེན་ཁང་ཚད་ལྡན་ཅན་དུ་བསྒྱུར་ཚད100%ལ་སླེབས།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-06-05 10:33

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་གྱིས་མགྱོགས་མྱུར་ངང་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་བཅོས་བསྒྱུར་ལ་སྐུལ་འདེད་བཏང་སྟེ། མུ་མཐུད་དུ་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་དང་གཞི་རིམ་སྨན་བཅོས་ཞབས་ཞུ་ནུས་པ་ཇེ་མཐོར་བཏང་བ་དང་། རྫོང་རེར་ཚད་ལྡན་ཅན་གྱི་རྫོང་རིམ་པའི་སྨན་ཁང་དང་། ཚད་ལྡན་ཅན་གྱི་ལྟེ་གནས་འཕྲོད་བསྟེན་ཁང3ཡན་ཡོད་པ། སྡེ་བའི་འཕྲོད་བསྟེན་ཁང་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་ཚད100%ལ་སླེབས་པའི་དམིགས་འབེན་མངོན་འགྱུར་བྱས་པས། སྨན་རྫས་ལམ་ལུགས་བཅོས་བསྒྱུར་གྱིས་ཁྱིམ་ཚང་ཁྲི་སྟོང་ལ་ཕན་ཁེ་བསྐྲུན།

ཞིང་ཆེན་ཡོངས་ཀྱི་སུམ་ཆའི་གཅིག་ཡན་གྱི་ཞིང་ལས་མི་གྲངས་ལ་ཁ་གཏད་ནས་མཚོ་ཤར་ས་ཁུལ་གྱིས་སྨན་རྫས་འཕྲོད་བསྟེན་ལམ་ལུགས་བཅོས་བསྒྱུར་བྱེད་པ་དེ་མང་ཚོགས་ཀྱི་འཚོ་བ་དང་བདེ་ཐང་ལེགས་བཅོས་སུ་གཏོང་བའི་དམངས་འཚོའི་བྱ་བ་གལ་ཆེན་ཞིག་ཏུ་བརྩིས་ཤིང་། ཧུར་བརྩོན་གྱིས་མང་ཚོགས་ལ་ཕན་ཁེ་ཐོབ་ཏུ་བཅུག མིག་སྔར། ཁུལ་ཡོངས་ཀྱི་གྲོང་རྡལ་ལས་བཟོ་བའི་སྨན་བཅོས་འགན་སྲུང་དང་གྲོང་རྡལ་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་། གསར་དར་ཞིང་སྡེའི་མཉམ་ལས་སྨན་བཅོས་གཙོ་བྱས་པའི་ཁུལ་ཡོངས་ལ་ཁྱབ་པའི་ཤང་གྲོང་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་ལམ་ལུགས་ཕྱོགས་ཡོངས་ནས་བཙུགས་ཡོད་པ་དང་། མ་མཐའི་འགན་སྲུང་ཁྱིམ་ཚང་དང་ཞིང་སྡེའི་ཁྱད་དབུལ་མི་གྲངས། ཁེ་ལས་དཀའ་ངལ་ལས་བཟོ་བ་སོགས་འདུས་པའི་རིགས་སོ་སོའི་དཀའ་ངལ་མང་ཚོགས་ཀྱི་སྨན་བཅོས་འགན་སྲུང་གནད་དོན་ཐག་གཅོད་བྱས།

ཤང་གྲོང་ཡོངས་ལ་ཁྱབ་པའི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་མ་ལག་གཞི་རྩའི་ཐོག་བཙུགས་ཡོད་ལ། ཁུལ་ཡོངས་ཀྱིས་བསྡོམས་པས་འཕྲོད་བསྟེན་ལས་གཞི1651ལེགས་འགྲུབ་བྱས་ཤིང་སྤྱིའི་མ་དངུལ་སྒོར་དུང་ཕྱུར2.5ལ་སླེབས་ཡོད། སྤྱི་བའི་འཕྲོད་བསྟེན་ཞབས་ཞུ་ཆེད་དམིགས་མ་དངུལ་སྒོར་ཁྲི6895.23དངོས་འབེབས་བྱས་ལ། སྨན་བཅོས་སྒྲིག་ཆས་སྤྱིའི་རིན་ཐང་སྒོར་དུང་ཕྱུར1.27ཆ་སྡེབ་བྱས། རྫོང་དང་ཤང་སྡེ་བ་བཅས་རིམ་པ་གསུམ་གྱི་སྨན་བཅོས་འཕྲོདབ་སྟེན་ལས་ཁུངས་ལ་གསར་བསྒྱུར་འཛུགས་སྐྲུན་བྱས་པ་དང་། ན་ནིང་གི་ལོ་མཇུག་བར་དུ་ཁུལ་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས2006ལ་སླེབས་ཤིང་སྨན་བཅོས་མལ་ཁྲི3319ཡོད།

ལོ་དུ་མའི་རིང་། ཀྲུང་དབྱང་དང་ཞིང་ཆེན། ས་ཁུལ། རྫོང་བཅས་ནོར་སྲིད་ཀྱིས་བསྡོམས་པས་སྨན་བཅོསས་འཕྲོད་བསྟེན་བཅོས་བསྒྱུར་ལ་མ་དངུལ་སྒོར་དུང་ཕྱུར22བཏང་ཞིང་། ཁུལ་ཡོངས་ཀྱི་ནོར་སྲིད་སྨན་བཅོས་འཕྲོད་བསྟེན་གྱི་འགྲོ་སོང་ཚད་མཐོན་པོས་གོང་དུ་འཕར་ལ། མང་ཚོགས་ཀྱི་སྨན་བཅོས་ཁུར་བོ་ཇེ་ཡང་དུ་སོང་། མིག་སྔའི་བར་དུ། ཁུལ་ཡོངས་ཀྱི་ལས་བཟོ་བ་དང་ཤང་གྲོང་སྡོད་དམངས་སྨན་བཅོས་འགན་སྲུང་དུ་ཞུགས་པའི་མི་གྲངས་ཁྲི139.6ལ་སླེབས་ཡོད་པས་གཞི་རྩའི་སྨན་བཅོས་འགན་སྲུང་ཕལ་ཆེར་ཤང་གྲོང་མང་ཚོགས་ཡོངས་ལ་ཁྱབ་པའི་དམིགས་འབེན་མངོན་འགྱུར་བྱས་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག