མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་བགྲོས་པོའི་ཁ་གསབ་སྒོར་ཁྲི3291བཏང་ནས་བགྲེས་སོང་གི་འཚོ་བ་སྔར་ལས་བདེ་སྐྱིད་ཡོང་བར་ཁག་ཐེག་བྱས།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-06-05 10:33

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས3ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན་གྱིས་སྤྱི་ཟླ5བའི་ཚེས31ཉིན2013ལོའི་བགྲོས་པོའི་ཁ་གསབ་ཀྱི་ཞིང་ཆེན་རིམ་པའི་ནོར་སྲིད་ཁ་གསབ་མ་དངུལ་སྒོར་ཁྲི3037.95བཏང་ནས། མཚོ་སྔོན་གྱི་བགྲེས་སོང་ཚོའི་ཚེ་མཇུག་གི་འཚོ་བ་སྔར་བས་བདེ་སྐྱིད་ཡོང་བར་ཁག་ཐེག་བྱས།

རྒྱུས་ལོན་པ་ལྟར་ན། ཞིང་ཆེན་དམངས་སྲིད་ཐིན་གྱིས་ལོ་བགྲོས་པོའི་ཁ་གསབ་སྒོར་ཁྲི3037.95བཏང་བའི་དུས་མཚུངས་སུ། ད་རུང་ས་གནས་སོ་སོའི་ཐོ་འགོད་མ་བྱས་པའི་ལོ70ནས་ལོ79བར་གྱི་བགྲོས་པོ་ལ2012ལོའི་ཞིང་ཆེན་རིམ་པའི་ནོར་སྲིད་ཁ་གསབ་མ་དངུལ་སྒོར་ཁྲི253.35བྱིན། སྡོམ་རྩིས་བྱས་པ་ལྟར་ན། 2013ལོར་མཚོ་སྔོན་གྱི་ལོ70ནས་ལོ79བར་གྱི་བགྲོས་པའི་ཁ་གསབ་ལོངས་སྤྱོད་བྱེད་པའི་མི་ཁྲི25.87ཡོད་པ་དང་། ཞིང་ཆེན་ནོར་སྲིད་ཁ་གསབ30%དང་ཁུལ་དང་རྫོང་གི་ཆ་སྡེབ་ཁ་གསབ70%ཡི་བླང་བྱ་ལྟར་བསྡོམས་པས་མ་དངུལ་སྒོར་ཁྲི10126.5སྟེར་དགོས་པས། དེའི་ནང་ཞིང་ཆེན་རིམ་པའི་ནོར་སྲིད་ཁ་གསབ་སྒོར་ཁྲི3037.95དང་། ཁུལ་དང་རྫོང་ནོར་སྲིད་ཀྱི་ཆ་སྡེབ་ཁ་གསབ་སྒོར་ཁྲི7088.55ཡོད།

མིག་སྔར་མཚོ་སྔོན་ཞིང་ཆེན་ནི་བགྲེས་སོང་ཅན་གྱི་སྤྱི་ཚོགས་སུ་གྱུར་ཡོད་ལ། འདིས་སྔར་ལས་མང་བའི་བགྲེས་སོང་ལ་བརྩེ་སེམས་དང་རོགས་སྐྱོར་བྱེད་དགོས་པ་མཚོན་ཡོད་པས། ལོ་ལོན་གྱི་ཁ་གསབ་བྱིན་པ་དེས་བགྲེས་སོང་ཅན་གྱི་དཀའ་ངལ་སྣ་ཚོགས་ཞི་འཇགས་སུ་བཏང་ཡོད། རྒྱུས་ལོན་པ་ལྟར་ན། ཞིང་ཆེན་དམངས་སྲིད་ཐིན་གྱིས་རིམ་པ་སོ་སོའི་ནོར་སྲིད་དང་དམངས་སྲིད་སྡེ་ཁག་གིས་ནན་ཏན་སྒོས་ས་གནས་རང་གི་ཆ་སྡེབ་མ་དངུལ་དངོས་འབེབས་དང་མ་དངུལ་དོ་དམ་ལ་ཤུགས་སྣོན་བྱས་ཏེ། ཁ་གསབ་མ་དངུལ་དུས་ལྟར་འདང་ངེས་ཀྱིས་བགྲེས་སོང་གི་ལག་ཏུ་སྤྲོད་པར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག