མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གནས་བབ་དབྱེ་ཞིབ་ཚོགས་འདུའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས་བཟོ་ལས་དཔལ་འབྱོར་བདེ་བླག་ངང་འཕེལ་རྒྱས་འགྲོ་བརཁག་ཐེག་བྱེད་དགོས་པའི་བརྡ་ཐོ་བཏང་།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-06-03 10:45

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་གནས་བབ་དབྱེ་ཞིབ་ཚོགས་འདུའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། ཁེ་ལས་ལ་རོགས་སྐྱོར་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་བཟོ་ལས་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་ཆེད། ཉེ་ལམ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་བརྡ་ཐོ་བཏང་སྟེ། ས་གནས་སོ་སོ་དང་ལས་ཁུངས་སོ་སོ། ཁེ་ལས་སོ་སོ་བཅས་ཀྱིས་དཔལ་འབྱོར་གནས་བབ་ལ་སྔར་ལས་ངོས་འཛིན་ལེགས་པོ་བྱེད་པ་དང་། ཇུས་འགོད་བཟང་བོ་བྱས་ཏེ། སྟོབས་ཤུགས་ཡོད་ཚད་སྤྱད་དེ་ཐོན་ཚད་འཕར་བར་ཁག་ཐེག་བྱེད་པ་དང་། སྒྲིག་གཞི་ལེགས་སྒྲིག་བྱེད་པ། བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་བཅས་ད་ལྟའི་བྱ་བའི་ལས་འགན་གཙོ་བོ་ཞིག་ཏུ་བརྩིས་ནས། བྱ་བའི་སྤྱོད་ཚུལ་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་། འགན་འཁྲི་གཏན་འཁེལ་གསལ་བོ་བྱེད་པ། གསར་སྐྲུན་རང་བཞིན་གྱི་སྒོ་ནས་བྱ་བ་བསྒྲུབ་དགོས་པར་མ་ཟད། ཁེ་ལས་སུ་སོང་སྟེ། རོགས་སྐྱོར་བྱེད་ཐབས་དེ་ཁེ་ལས་ཀྱི་འཕེལ་རྒྱས་ལ་རོགས་རམ་བྱེད་པའི་བྱ་སྤྱོད་དངོས་སུ་བསྒྱུར་བ་དང་། ཁེ་ལས་ཀྱི་གནད་དོན་དང་དཀའ་ཁག་ཐག་གཅོད་པར་རོགས་རམ་དངོས་བྱས་ཏེ། ཁེ་ལས་འཕེལ་རྒྱས་སུ་གཏོང་བར་ཕྱིའི་ཁོར་ཡུག་བཟང་བོ་ཞིག་བསྐྲུན་པར་འབད་བརྩོན་བྱེད་དགོས་ཞེས་བསྟན།

  བརྡ་ཐོ་ལས་སྡེ་ཁག་སོ་སོའི་ནན་ཏན་གྱིས་རང་རང་གི་ལས་འགན་སྒྲུབ་དགོས་པ་དང་།  སྔར་ལས་ལྷག་པར་གཅིག་གྱུར་མཐུན་སྦྱོར་བྱེད་པར་ཤུགས་སྣོན་པ། དུས་ལྟར་སྲིད་ཇུས་ལག་བསྟར་བྱེད་པའི་གོ་རིམ་ཁྲོད་གནས་པའི་དཀའ་གནད་ཐག་གཅོད་བྱེད་པ་བཅས་གོ་སྐབས་དམ་འཛིན་བྱས་ཏེ་ཧུར་ཐག་སྒོས་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་བཅས་ལ་འབྲེལ་གཏུགས་བྱས་པ་བརྒྱུད།  སྲིད་གཞུང་གིས་ལག་བསྟར་བྱེད་པའི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་དང་།  ཁེ་ལས་རྒྱུན་ལྡན་གྱི་ཐོན་སྐྱེད་ཚོང་གཉེར་འགན་སྲུང་བྱས་ནས།  བཟོ་ལས་དཔལ་འབྱོར་བདེ་བླག་ངང་འཕར་བར་བྱས་རྗེས་འཇོག་དགོས་པའི་བླང་བྱ་བཏོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག