མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་སྐབས་དགུ་བའི་ལས་བཟོ་བའི་ནུས་རྩལ་འགྲན་ཚོགས་ལས་རིགས15ནང་གཏིང་ཟབ་སྒོས་སྤེལ་རྒྱུ་ཡིན་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-06-03 10:45

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  སྤྱི་ཟླ5བ་ནས་འགོ་བརྩམས་ནས་སྤྱི་ཟླ11ནང་མཇུག་སྒྲིལ་རྒྱུ་ཡིན་པའི་མཚོ་སྔོན་ཞིང་ཆེན་གྱི་སྐབས་དགུ་བའི་ལས་བཟོ་བའི་ནུས་རྩལ་འགྲན་ཚོགས་སོ་སོ་ཞིང་ཆེན་གློག་ཤུགས་ཀུང་ཟི་དང་།  མཚོ་བོད་ལྕགས་ལམ་ཀུང་ཟི།  ཞིང་ཆེན་གནས་སྐོར་ཅུའུ།  ཟི་ལིང་གྲོང་ཁྱེར་བཟོ་སྐྲུན་བྱེད་ཡུལ་སོགས་ལས་ཁུངས་ནས་རིམ་བཞིན་སྤེལ་རྒྱུ་རེད།  འགྲན་ཚོགས་ལས་རྩིས་འཁོར་དང་གཞུང་ཡིག་འབྲི་བ།  ཆུ་བེད་བརྟག་ཞིབ། གནམ་གཤིས་སྔོན་བརྡ།  གློག་ཤུགས་བརྡ་འཕྲིན་དང་ཆུ་གློག་བཟོ་སྐྲུན་ཚད་འཇལ་སོགས་རྣམ་གྲངས96དང་། གློག་ཤུགས་དང་ཆུ་བེད།  ལྕགས་ལམ། སློབ་གསོ།  ཉོ་ཚོང་། གནས་སྐོར།  གློག་འཕྲིན་སོགས་ལས་རིགས15འདུས།

རྒྱུས་ལོན་པ་ལྟར་ན།  ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་དང་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན།  ཞིང་ཆེན་དཔལ་འབྱོར་ཉོ་ཚོང་ཨུ་ཡོན་ལྷན་ཚོགས།  ཞིང་ཆེན་ཚན་རྩལ་ཐིན་དང་གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་དུ་སྒྲུབ་པའི་འགྲན་ཚོགས་འདི་ཐེངས་སྔོན་མའི་ནུས་རྩལ་འགྲན་ཚོགས་དང་བསྡུར་ན།  རྩ་འཛུགས་ཀྱི་སྟེང་ལས་སྔར་ལས་ནན་ཏན་ཡིན་པ་དང་།  འགྲན་བསྡུར་གྱི་ཁྱབ་ཁོངས་སྔར་ལས་རྒྱ་ཆེ་བ། འགྲན་ཚོགས་བསྡུས་པའི་ཕན་ནུས་སྔར་ལས་མངོན་གསལ་ཡིན་པ་བཅས་ཀྱི་ཁྱད་ཆོས་ལྡན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག