མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འབྲོག་པའི་གཏན་སྡོད་བཟོ་སྐྲུན་རིམ་བཞིན་ལས་འགོ་བརྩམས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-06-03 10:45

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ད་ལོ་ནི་རང་ཞིང་གི་འབྲོག་པའི་གཏན་སྡོད་བཟོ་སྐྲུན་འཛུགས་སྐྲུན་འཆར་འགོད་ལག་བསྟར་བྱེད་པའི་གཙོ་གནད་ལོ་ཞིག་ཡིན་ལ།  མིག་སྔར།  ས་གནས་སོ་སོའི་སུས་འཇོན་དེ་འགུག་དང་བཟོ་སྐྲུན་རྒྱུ་ཆ་ཉོ་སྒྲུབ་བྱེད་པའི་བྱ་བ་ཡོངས་སུ་མཇུག་རྫོགས་པ་དང་།  ཞིང་ཆེན་ཡོངས་ཀྱི་འབྲོག་པའི་གཏན་སྡོད་བཟོ་སྐྲུན་རིམ་བཞིན་ལས་འགོ་བརྩམས་པ་རེད།

ད་ལོར་རང་ཞིང་གི་འབྲོག་པའི་གཏན་སྡོད་བཟོ་སྐྲུན་འཛུགས་སྐྲུན་བྱེད་པའི་གཞི་རྒྱ་ཆེ་ཞིང་།  མ་དངུལ་འབོར་ཆེན་བཏང་།  ལོ་ཡོངས་སུ་འཆར་འགོད་ལྟར་ཡུས་ཧྲུའུ་དང་མགོ་ལོག  རྨ་ལྷོ་སོགས་ཁུལ5དང་རྫོང14ནས་འབྲོག་པའི་གཏན་སྡོད་ཁང་པ25690འཛུགས་སྐྲུན་བྱེད་རྒྱུ་ཡིན་ལ།  བཟོ་སྐྲུན་མ་དངུལ་སྒོར་ཁྲི29108གཏན་འབེབས་བྱས་ཤིང་འཆར་འགོད་ལས་འགན་གྱི23.63%ཟིན།

སྤྱི་ཟླ5བའི་ཚེས20ཉིན་བར།  ཞིང་ཆེན་ཡོངས་ནས་དུད་ཁྱིམ6848ཀྱི་ཁང་པ་ལས་འགོ་བརྩམས་པ་དང་།  འཆར་འགོད་ལས་འགན་གྱི26.66%ཟིན།  དུས་མཚུངས་སུ2012ལོར་དང་ལེན་བྱས་པའི་འབྲོག་པའི་གཏན་སྡོད་བཟོ་སྐྲུན་ཕྱོགས་ཡོངས་ནས་ལས་འགོ་བརྩམས་པ་རེད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག