མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་པོ་ཡུལ་ལྗོངས་ཁུལ་དུ་མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོབ་བྱེད་པའི་ཆེད་དོན་ལེགས་བཅོས་བྱ་འགུལ་སྤེལ་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-06-03 10:45

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  སྤྱི་ཟླ5བའི་ཚེས22ཉིན།  མཚོ་སྔོན་ཞིང་ཆེན་བཟོ་ཚོང་དོ་དམ་ཅུའུ་མཚོ་སྔོན་པོ་ཡུལ་ལྗོངས་ཁུལ་ཡན་ལག་ཅུའུ་དང་། མཚོ་སྔོན་པོའི་གསེར་ཉ་དོ་དམ་སྤྱི་ཁྱབ་ཅུའུ་གཉིས་ཀྱིས་གླིང་ཆེན་རྣ་རིང་ཡུལ་ལྗོངས་ཁུལ་དང་བྱ་གླིང་ཡུལ་ལྗོངས་ཁུལ་དུ“ལྡོག་རྩ་གཅིག་སྒྲིལ་སྒོས་མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས”སྲུང་སྐྱོབ་བྱེད་པའི་སྐུལ་འདེད་ཚོགས་འདུ་བསྡུས།  ཉིན་དེ་ནས་བཟུང་མཚོ་སྔོན་པོའི་ཡུལ་ལྗོངས་བཟོ་ཚོང་ཡན་ལག་ཅུའུ་ཡིས་ཞིང་ཆེན་གསེར་ཉ་དོ་དམ་སྤྱི་ཁྱབ་ཅུའུ་གླིང་ཆེན་རྣ་རིང་དོ་དམ་ཁང་དང་།  བྱ་གླིང་དོ་དམ་ཁང་བཅས་མཚོ་སྔོན་པོའི་ཡུལ་ལྗོངས་ཁུལ་དང་ཐག་ཉེ་བའི་མཚོ་ལྷོ་དང་མཚོ་བྱང་ཁུལ་གྱི་འབྲེལ་ཡོད་ཁྲིམས་འཛིན་སྡེ་ཁག་དང་ལྷན་དུ།  དུས་བཅད་ལྟར་ཞིབ་བཤེར་བྱེད་པ་དང་།  གཏུག་ཞུ་ཁ་པར་ཨང་གྲངས་ཁྱབ་བསྒྲགས་བྱེད་པ་སོགས་བྱེད་ཐབས་སྤྱད་ནས་མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོབ་བྱེད་པའི་ཆེད་དོན་བྱ་འགུལ་སྤེལ་རྒྱུ་རེད།

    ཚོགས་འདུ་མཇུག་རྫོགས་རྗེས།  བཟོ་ཚོང་དང་གསེར་ཉ་དོ་དམ་ཁྲིམས་འཛིན་མི་སྣ29ཡི་གྲུབ་པའི་ཁྲིམས་འཛིན་ཚན་ཆུང་གསུམ་གྱིས་གླིང་ཆེན་རྣ་རིང་དང་།  བྱ་གླིང་ཡུལ་ལྗོངས་ཁུལ་དུ་ཟས་རིགས་གཉེར་བཞིན་པའི་ཟ་ཁང་བཅས་ལ་ཞིབ་བཤེར་བྱས།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག