མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ན་གཞོན་ལོ་ཆུང་བྱ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཞིང་ཆེན་ན་གཞོན་ལོ་ཆུང་བྱ་འགུལ་ལྟེ་གནས་སུ“ཀྲུང་གོའི་ཕུགས་འདུན”ཞེས་པའི་ཞིང་བ་ཞོར་ལས་བའི་བུ་བུ་མོར་བྱམས་སེམས་འབུལ་བའི་བྱ་འགུལ་སྤེལ་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-06-03 10:45


རིག་སྨོན་གྲོང་རྡལ་སློབ་ཆུང་གི་སློབ་མ་རྣམས་ཀྱིས《ང་ལ་ཕུགས་འདུན་ཞིག་ཡོད》ཅེས་པའི་སྙན་ངག་གྱེར་འདོན་བྱེད་བཞིན་ཡོད།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 2013ལོའི་སྤྱི་ཟླ6པའི་ཚེས1ཉིན་གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ན་གཞོན་ལོ་ཆུང་བྱ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཞིང་ཆེན་ན་གཞོན་ལོ་ཆུང་བྱ་འགུལ་ལྟེ་གནས་ནས“ཀྲུང་གོའི་ཕུགས་འདུན”ཞེས་པའི་ཞིང་བ་ཞོར་ལས་བའི་བུ་བུ་མོར་བྱམས་སེམས་འབུལ་བའི་བྱ་འགུལ་སྤེལ། གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བ་བྱ་འགུལ་དུ་ཞུགས། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་ནས་ཡོང་བའི་ཞིང་བ་ཞོར་ལས་བའི་འཐུས་མི་དང་ལོ་ཆུང་བྱིས་པའི་འཐུས་མི་རྣམས་བྱ་འགུལ་ལ་ཞུགས།

བྱ་འགུལ་ལས་རིག་རྩལ་འཁྲབ་སྟོན་དང་། ཕན་ཚུན་བར་རྩེད་འཇོ་རོལ་བ། ཕན་ཚུན་བར་ལེགས་སྐྱེས་ཕུལ་བ། ཚན་རྩལ་ཁང་ལ་ལྟད་མོ་ལྟ་རུ་སོང་བ་སོགས་བྱ་འགུལ་སྤེལ་ནས་ཞིང་བ་ཞོར་ལས་བའི་བུ་བུ་མོ་དང་ལོ་ཆུང་བྱིས་པ་རྣམས་ཀྱིས་སྤྲོ་སྐྱིད་ལྡན་ཞིང་། བརྗེད་དཀའ་བའི་དྲུག་གཅིག་བྱིས་པའི་དུས་ཆེན་ཞིག་རོལ་བ་དང་།  གྲོགས་པོ་ཆུང་ཆུང་ཚོས་རང་ཉིད་ཀྱ་སྐད་ངག་དང་མཛེས་བའི་སྟངས་སྟབས་ལ་བརྟེན་ནས་ཁོ་ཚོ་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་འདི་ནས་རིམ་བཞིན་འཚར་ལོངས་འབྱུང་བཞིན་ཡོད་པའི་ངང་ཚུལ་བསྟན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག