མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧའོ་ཕུན་གྱིས་ཞིང་ཆེན་དཔལ་འབྱོར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་དོ་དམ་ཨུ་ཡོན་ལྷན་ཁང་གི་བྱ་བར་རྟོག་ཞིབ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-03 10:40

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས1ཉིན། ཧྲིན་ཀྲང་ཧའོ་ཕུན་གྱིས་ཞིང་ཆེན་དཔལ་འབྱོར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་དང་ལས་བཟོ་བར་འཚམས་འདྲི་བྱས་པ་དང་། བྱ་བར་རྟོག་ཞིབ་དང་མཛུབ་སྟོན་བྱས། ཧའོ་ཕུན་གྱིས་བཟོ་ལས་དཔལ་འབྱོར་འཁོར་རྒྱུག་དང་སྙོམས་སྒྲིག་བྱེད་པ་དང་། རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་བྱ་བར་སྔར་ལས་ཤུགས་བསྣན་ཏེ། བྱ་བའི་བྱེད་སྟངས་གསར་བསྐྲུན་བྱེད་པ་དང་འབྲེལ་འདྲིས་དམ་པོ་བྱས་ནས། ལས་གཞི་གཙོ་བོར་གྲོས་མཐུན་འགོད་པར་འབད་བརྩོན་བྱེད་པ་དང་། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སོགས་དུས་ཆེན་དང་གྲོས་ཚོགས་གལ་ཆེན་སྒྲུབ་པའི་ཆུ་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་དགོས་ཞེས་ནན་གྱིས་བསྟན།

རྟོག་ཞིབ་བྱེད་སྐབས། ཧའོ་ཕུན་གྱིས་ཉེ་བའི་ལོ་འགའི་རིང་ལ་ཞིང་ཆེན་དཔལ་འབྱོར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ད་དོམ་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་བཟོ་ལས་དཔལ་འབྱོར་གྱི་རྣམ་པ་བསྒྱུར་བ་དང་རིམ་པ་འཕར་བར་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་དང་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་ཆེན་པོ་བཞག་པར་ཁས་ལེན་གང་ལེགས་བྱས། ཁོས་བཟོ་ལས་གནས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱེད་པ་དང་། ཐོན་སྐྱེད་རྒྱུ་ཆར་ཁག་ཐེག་བྱེད་པ། དངུལ་གཏོང་དང་ལས་གཞི་བྱ་བ་བཟང་བོར་སྒྲུབ་པ། ནུས་ཁུངས་གྲོན་ཆུང་དང་བཙོག་ཆུ་ཉུང་འདོན་བྱ་བ་དམ་འཛིན་བྱེད་པ་བཅས་ཐད་ལ་ཞིང་ཆེན་དཔལ་འབྱོར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་དོ་དམ་ཨུ་ཡོན་ལྷན་ཁང་བྱ་བར་རེ་བ་དངོས་བཏོན།

2013ལོའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་གྲ་སྒྲིག་གནས་ཚུལ་དང་ཚོང་བཀུག་དངུལ་འདྲེན་བྱ་བའི་ཡར་ཞུ་ལ་ཉན་རྗེས། ཧའོ་ཕུན་གྱིས་བཤད་རྒྱུར། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ནི་མཚོ་སྔོན་ལྷད་མེད་འཕེལ་རྒྱས་ཀྱི་བྱ་བ་གཙོ་བོ་ཡིན་ལ། ཞིང་ཆེན་ཡོངས་ཀྱི་ཚོང་བཀུག་དངུལ་འདྲེན་བྱ་བའི་ཕྱོགས་གཙོ་བོ་ཡིན་པར་མ་ཟད། ཉེ་ལམ་སྲིད་གཞུང་བྱ་བ་གལ་ཆེན་ནང་གི་འགངས་ཆེན་ཞིག་ཀྱང་ཡིན་པས། ངེས་པར་དུ་དེར་ཧ་ཅང་མཐོང་ཆེན་བྱེད་པ་དང་། མགོ་ཁྲིད་ལ་ཤུགས་སྣོན་པ། གཅིག་གྱུར་སྒོས་འཆར་འགོད་དང་མཐུན་སྦྱོར་བྱས་ནས། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་དགོས་ཟེར།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལོ་ཡུས་ལིན་གྱིས་མཉམ་དུ་རྟོག་ཞིབ་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག