མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ལོ་ཡུས་ལིན་གྱིས་ཀན་ཧི་དང་ནན་ཁྲོན་བཟོ་ལས་ས་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-03 10:40

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ5བའི་ཚེས31ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལོ་ཡུས་ལིན་གྱིས་ཀན་ཧི་དང་ནན་ཁྲོན་བཟོ་ལས་ས་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས། རྟོག་ཞིབ་བྱེད་སྐབས་ལོ་ཡུས་ལིན་གྱིས་བཟོ་ལས་ས་ཁུལ་གྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཐོན་ལས་ཀྱི་འབྲེལ་མཐུད་བྱ་བ་བཟང་བོར་བསྒྲུབས་ཏེ། བཟོ་ལས་ས་ཁུལ་གྱི་བཟོ་ལས་འཁོར་སྐྱོད་ཆེན་པོ་བྱེད་པའི་རྣམ་པར་ཆགས་པར་བྱེད་པ་དང་། ཁེ་ལས་ཀྱི་འགྲན་རྩོད་ནུས་པ་མཐོར་འདེགས་སུ་བཏང་སྟེ། མཉམ་རྒྱལ་ཡོང་བར་འབད་བརྩོན་བྱེད་དགོས་ཞེས་ནན་གྱིས་བསྟན།

ལོ་ཡུས་ལིན་འཁོར་ཁང་དང་བཟོ་སྐྲུན་ཡུལ་དངོས་སུ་སོང་སྟེ། ཁེ་ལས་ཀྱི་ཐོན་སྐྱེད་འཁོར་རྒྱུག་དང་ལས་གཞི་འཛུགས་སྐྲུན་བྱེད་པའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། ཡུལ་དངོས་སུ་ཁེ་ལས་ཀྱི་གནད་དོན་དང་དཀའ་ཁག་ཐག་གཅོད་པར་མཐུན་སྦྱོར་བྱས། ཁོས་ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ས་ཁུལ་གྱིས་གནས་གཏན་འཁེལ་བྱས་ཏེ་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་རྗེས། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་གསར་སྤེལ་ས་ཁུལ་གྱི་གནས་གཏན་འཁེལ་བྱས་ཏེ་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་བྱེད་ཐབས་བཟང་བོ་དང་ཕན་འབྲས་ལྡན་པའི་ཉམས་མྱོང་ལ་སློབ་སྦྱོང་ནན་མོ་བྱེད་དགོས་པ་དང་། སྒྲིག་གཞི་ལེགས་སྒྲིག་བྱེད་པ་དང་ཐོན་ལས་ཀྱི་རིམ་པ་འཕར་བ་དང་ཟུང་འབྲེལ་བྱས་ནས། ལས་འགན་དང་དམིགས་འབེན་སྔར་ལས་གཏན་འཁེལ་གསལ་བོ་བྱེད་དགོས་པར་མ་ཟད། སྟོབས་ཤུགས་ཡོད་དགུས་མཐུན་སྦྱོར་དང་འགན་སྲུང་། ཞབས་ཞུ་བཅས་ཀྱི་བྱ་བ་བཟང་བོར་བསྒྲུབས་ཏེ། ཁེ་ལས་ཀྱི་འཕེལ་རྒྱས་ལ་ཁོར་ཡུག་བཟང་བོ་བསྐྲུན་དགོས་ཞེས་བསྟན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག