མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ལྷོ་ཁུལ་གྱི་བྱིས་པའི་ཕན་བདེ་གླིང་དངོས་སུ་འཁོར་སྐྱོད་བྱེད་འགོ་བརྩམས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-06-02 10:32

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  “དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ཐོན་ལ་ཉེ་སྐབས།  མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བྱིས་པའི་ཕན་བདེ་གླིང་དངོས་སུ་འཁོར་སྐྱོད་བྱེད་འགོ་བརྩམས་པ་དང་།  རྣམ་གྲངས་འདིར་སྤྱིའི་མ་དངུལ་སྒོར་ཁྲི815བཏང་ཞིང་།  བཟོ་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ2326ཡོད་ལ།  མལ་ཁྲི80བཀོད་སྒྲིག་བྱས་ཡོད།

མཚོ་ལྷོ་ཁུལ་བྱིས་པའི་ཕན་བདེ་གླིང་དུ་རོགས་ཁྲིད་ཁང་དང་བྱ་འགུལ་ཁང་།  འདུག་གནས།  ཟ་ཁང་སོགས་སྒྲིག་ཆས་བཀོད་སྒྲིག་བྱས་ཡོད།  རྣམ་གྲངས་འདི2011ལོའི་སྤྱི་ཟླ4བའི་ནང་དངོས་སུ་ལས་འགོ་བརྩམས་པ་དང་།  2012ལོའི་ཟླ10བར་བཟོ་སྐྲུན་ལེགས་འགྲུབ་བྱུང་ནས་ཚོད་ལྟ་བྱས།  མིག་སྔར་དྭ་ཕྲུག21བདག་སྐྱོང་བྱས་ཡོད།

མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་མཚོ་ལྷོ་ཁུལ་དམངས་སྲིད་ཅུའུ་ཡིས་དུས་དང་རྣམ་པ་ཀུན་ཏུ་དྭ་ཕྲུག་གི་འགན་སྲུང་བྱ་བ་དང་།  བྱིས་པའི་ཕན་བདེ་གླིང་གི་དོ་དམ་བྱ་བ་བཅས་ལ་ཤུགས་སྣོན་ནས།  བྱིས་པ་དྭ་ཕྲུག་རྣམས་བདེ་བླག་ངང་འཚར་ལོངས་འབྱུང་བ་དང་མཉམ་དུ་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཕན་བདེ་བྱ་བ་བདེ་བླག་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱེད་དགོས་པའི་བླང་བྱ་བཏོན།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག