མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་བུད་མེད་བྱིས་པ་བསླུས་འཚོང་བྱེད་པའི་གྱོད་དོན10རྩད་ཆོད་པ་དང་དོགས་ཡོད་ཉེས་ཅན7འཛིན་བཟུང་བྱས།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-06-02 10:32

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  སྤྱི་ཟླ6པའི་ཚེས1ཉིན།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་ཉེས་དོན་ཉེན་རྟོག་སྤྱི་ཁྱབ་རུ་ཁུག་ནས་རྒྱུས་ལོན་པ་ལྟར་ན།  རང་ཞིང་གི་རིམ་པ་སོ་སོའི་སྤྱི་བདེ་ཉེན་རྟོག་སྡེ་ཁག་གིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་བུད་མེད་བྱིས་པ་བསླུས་འཚོང་བྱེད་པའི་ཉེས་དོན་སྤྱོད་ངན་ལ་རྡུང་རྡེག་བྱས་པ་དང་།  མིག་སྔའི་བར་དུ་བུད་མེད་བྱིས་པ་བསླུས་འཚོང་བྱེད་པའི་གྱོད་དོན10རྩད་ཆོད་པ་རེད།

བསྡོམས་རྩིས་བྱས་པའི་གྲངས་ཀ་ལྟར་ན།  2011ལོར་རང་ཞིང་གིས་བུད་མེད་བྱིས་པ་བསླུས་འཚོང་བྱེད་པའི་གྱོད་དོན33རྩད་ཆོད་པ་དང་།  ནག་ཉེས་ཚོགས་པ4གཏོར་བ་མ་ཟད།  དོགས་ཡོད་ཉེས་ཅན11འཛིན་བཟུང་བྱས་པ་དང་བུད་མེད33ཉེན་ཁ་ལས་ཐར་ཐབས་བྱས།  ན་ནིང་ཞིང་ཆེན་ཡོངས་ནས་བུད་མེད་བྱིས་པ་བསླུས་འཚོང་བྱེད་པའི་གྱོད་དོན16རྩད་ཆོད་པ་དང་།  དོགས་ཡོད་ཉེས་ཅན14འཛིན་བཟུང་བྱས་པ་དང་བུད་མེད16ཉེན་ཁ་ལས་ཐར་ཐབས་བྱས། ད་ལོའི་སྤྱི་ཟླ1པོ་ནས་སྤྱི་ཟླ5བའི་བར་དུ།  ཞིང་ཆེན་ཡོངས་ནས་བུད་མེད་བྱིས་པ་བསླུས་འཚོང་བྱེད་པའི་གྱོད་དོན10རྩད་ཆོད་པ་དང་། ནག་ཉེས་ཚོགས་པ1གཏོར་བ་མ་ཟད།  དོགས་ཡོད་ཉེས་ཅན7འཛིན་བཟུང་བྱས་པ་དང་།  བུད་མེད1033ཉེན་ཁ་ལས་ཐར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག