མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

བསྟན་ཁོ་ཡིས་རྨ་ལྷོ་དང་མཚོ་བྱང་ས་ཁུལ་ནས་བརྟག་དཔྱད་ཞིབ་འཇུག་བྱེད་སྐབས་མི་རིགས་མཐུན་སྒྲིལ་སྔོན་ཐོན་ས་ཁུལ་འཛུགས་སྐྲུན་ཕྱོགས་ལ་ཤུགས་སྣོན་དགོས་པ་ནན་གྱིས་བསྟན།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-06-02 10:32

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  སྤྱི་ཟླ5བའི་ཚེས29ཉིན་ནས་ཚེས30ཉིན་བར་དུ།  མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་རྒྱུན་ཨུའམ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་བསྟན་ཁོ་ཡིས་རྨ་ལྷོ་དང་མཚོ་བྱང་ས་ཁུལ་ནས་བརྟག་དཔྱད་ཞིབ་འཇུག་བྱེད་སྐབས།  ཏང་གི་འཐུས་མི་ཚོགས་ཆེན་ཐེངས18པའི་དགོངས་དོན་གཏིང་ཟབ་མོས་ལག་ལེན་མཐར་ཕྱིན་བྱས་ཏེ།  ཕྱོགས་ཡོངས་ནས་ཏང་གི་མི་རིགས་སྲིད་ཇུག་དངོས་འབེབས་བྱེད་པ་དང་།  དོན་དངོས་སྟེང་མི་རིགས་མཐུན་སྒྲིལ་སྔོན་ཐོན་ས་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་དགོས་པ་བསྟན།  བསྟན་ཁོ་ཡིས་བཤད་རྒྱུར། 2003ལོ་ནི་ཞིང་ཆེན་ཏང་ཨུས་མི་རིགས་མཐུན་སྒྲིལ་བྱ་འགུལ་སྤེལ་འགོ་བརྩམས་པ་ནས་བཟུང་།  ལོ10ཡི་ནང་ལ་ས་གནས་སོ་སོའི་དོན་དངོས་དང་བསྟུན་ནས་ས་གནས་ཀྱི་ཁྱད་ཆོས་དང་མཐུན་པའི་མི་རིགས་མཐུན་སྒྲིལ་གསར་སྐྲུན་རྣམ་པ་རིམ་གྱི་ཆགས་པ་དང་།  མི་རིགས་མཐུན་སྒྲིལ་སྔོན་ཐོན་ས་ཁུལ་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་བཏིངས། 

བསྟན་ཁོས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས18པ་ལག་ལེན་མཐར་ཕྱིན་བྱས་ནས་ནན་ཏན་སྒོས་ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་བྱེད་པར་བླང་བྱ་གསར་བ་བཏོན།  གཅིག་ནི་ཏང་གི་མི་རིགས་སྲིད་ཇུས་ལག་ལེན་མཐར་ཕྱིན་བྱེད་པར་ཤུགས་བསྣན་ནས།  སྤྱི་ཚོགས་ཡོངས་ནས་མི་རིགས་འདྲ་མཉམ་དང་།  མི་རིགས་མཐུན་སྒྲིལ།  མི་རིགས་ས་ཁོངས་རང་སྐྱོང་།  མི་རིགས་སོ་སོ་མཉམ་དུ་དར་རྒྱས་སུ་འགྲོ་བའི་ཏང་གི་མི་རིགས་སྲིད་ཇུས་ནན་ཏན་སྒོས་ལག་བསྟར་བྱས་པ་བརྒྱུད།  མི་རིགས་མཐུན་སྒྲིལ་སྔོན་ཐོན་ས་ཁུལ་འཛུགས་སྐྲུན་བྱེད་པར་སྲིད་ཇུས་དང་ལམ་ལུགས་ཕྱོགས་ཀྱི་འགན་སྲུང་བྱེད་དགོས་པ་དང་།  གཉིས་ནི་ཆོས་ལུགས་ལས་དོན་དོ་དམ་བྱེད་ཐབས་གསར་སྐྲུན་བྱས་ནས།   ཁྲིམས་མཐུན་དང་འཆམ་མཐུན་གྱི་དགོན་སྡེ་དོ་དམ་བྱེད་ཐབས་ལག་བསྟར་བྱེད་པ་དང་།  ཁྲིམས་ལྟར་དོ་དམ་བྱེད་པ་དང་དམངས་གཙོ་དོ་དམ་གཉིས་ཟུང་འབྲེལ་བྱེད་པའི་དགོན་སྡེ་དོ་དམ་གྱི་ལམ་ལུགས་སྤྱད་དགོས།  གསུམ་ནི་མི་རིགས་མཐུན་སྒྲིལ་སྔོན་ཐོན་ས་ཁུལ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་ནས།   འཐབ་ཇུས་ཀྱི་མཐོ་ཚད་ལས་ཕྱོགས་ཡོངས་ནས་སྔོན་ཐོན་ས་ཁུལ་འཛུགས་སྐྲུན་བྱེད་དགོས་པ་དང་།  སྔར་ལས་ལྷག་པར་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་གཅིག་གྱུར་བཅས་ཀྱིས་མཚོ་སྔོན་གྱི་རིགས་སོ་སོའི་མི་རིགས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་རིགས་རྣམས་མཉམ་གཅིག་ཏུ་འབྱོར་འབྲིང་སྤྱི་ཚོགས་ཏུ་སྐྱོད་པར་སྐུལ་འདེད་བྱེད་དགོས་ཞེས་བསྟན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག