མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ལོ་ཧོས་ཉིན་གྱིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་སློབ་གསོའི་བྱ་བར་རྟོག་ཞིབ་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-06-01 10:39

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།“རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན”ཐོན་ལ་ཉེ་སྐབས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལོ་ཧོས་ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ་སོང་ནས་སློབ་གསོའི་བྱ་བར་རྟོག་ཞིབ་བྱས་པ་དང་། ལོ་ཆུང་བྱིས་པ་དང་མཉམ་དུ“དྲུག་གཅིག་བྱིས་པའི་དུས་ཆེན”ལ་རོལ་བ་མ་ཟད།  ཞིང་ཆེན་ཡོངས་ཀྱི་བྱིས་པ་རྣམས་ལ་དུས་ཆེན་གྱི་བཀྲ་ཤིས་སྨོན་འདུན་ཞུས་པ་དང་། ཝང་ཞོ་ཆིན་རྟོག་ཞིབ་བྱ་བར་ཞུགས།

    ལོ་ཧོས་ཉིན་གྱིས་འབྲོག་ཕྱོགས་ཀྱི་སློབ་སྔོན་སློབ་གསོའི་བྱ་བར་ཧ་ཅང་སེམས་ཁུར་བྱེད་བཞིན་ཡོད་ལ། སྤྱི་ཟླ5བའི་ཚེས28ཉིན་ཁོང་གིས་རྐང་ཚ་རྫོང་གི་ལྟེ་གནས་བྱིས་བཅོལ་ཁང་གི་བྱ་བར་རྟོག་ཞིབ་བྱེད་སྐབས། བྱིས་པ་ཚོ་དང་མཉམ་དུ་ཁ་བརྡ་བྱས་ནས་ད་ལོ་ལོ་དུ་ཡིན་པ་དང་ཡང་ན་འཚོ་བ་དང་སློབ་སྦྱོང་གི་གནས་ཚུལ་བཅས་ལ་རྒྱུས་ལོན་བྱས་པ་དང་། བྱིས་པ་ཚོས་རྒྱ་བོད་སྐད་རིགས་གཉིས་ཀྱིས་ལན་བཏབ་རྗེས་དགའ་སྤྲོ་ཆེན་པོ་སྐྱེས། ལོ་མང་བོའི་རིང་ལ་རྐང་ཚང་རྫོང་གིས་སྐད་གཉིས་སློབ་གསོ་བྱ་བར་རྒྱུན་འཁྱོངས་བྱས་ནས། བོད་རིགས་བྱིས་པ་རྣམས་ཀྱི་སློབ་སྦྱོང་གི་གྲུབ་འབྲས་ལེགས་པ་དང་བྱིས་པ་ཚོར་བདེ་བླག་ངང་འཚར་ལོངས་འབྱུང་བ། ལས་ཀར་ཞུགས་པ་སོགས་ཐད་ལ་རྨང་གཞི་བརྟན་པོ་བཏིང་བས་ས་དེའི་འབྲོག་པ་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ། ལོ་ཧོས་ཉིན་གྱིས་ཁོ་ཚོས་སློབ་ཞུགས་སྔོན་གྱི་སློབ་གསོ་ནས་བཟུང་སྟེ་བོད་རྒྱ་སྐད་རིགས་གཉིས་ཀྱི་སློབ་ཁྲིད་བྱེད་ཐབས་སྤྱད་པར་ཁས་ལེན་གང་ལེགས་བྱས། ཁོང་གིས་བསྟན་དོན། བྱེད་ཕྱོགས་དེ་རྒྱུན་འཁྱོངས་བྱེད་དགོས་པ་དང་། བྱེད་ཐབས་མང་པོ་སྤྱད་དེ་བདེ་བླག་ངང་བོད་རྒྱ་སྐད་རིགས་གཉིས་ཀྱི་སློབ་གསོ་སྤེལ་བར་སྐུལ་འདེད་བྱེད་དགོས་ཟེར།

    ལོ་ཧོས་ཉིན་གྱིས་སྔ་གཞུག་ཏུ་ཝ་འཇོག་མི་རིགས་བཅའ་སྡོད་སློབ་ཆུང་དང་། རྫོང་མི་རིགས་སློབ་འབྲིང་གི་བྱ་བར་རྟོག་ཞིབ་བྱས། རྟོག་ཞིབ་བྱེད་སྐབས་ལོ་ཧོས་ཉིན་གྱིས་མགོ་འཛིན་བྱས་ཏེ་སློབ་གསོའི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། མཚོ་བྱང་ཁུལ་དང་རྐང་ཚ་རྫོང་གཉིས་ཀྱི་སློབ་གསོའི་བྱ་བར་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། རང་ཞིང་གི་འོས་འགན་སློབ་གསོ་དེ་སློབ་གྲྭར་འགྲོ་ཐུབ་པ་ནས་སློབ་སྦྱོང་བཟང་བོ་བྱེད་པའི་ཁ་ཕྱོགས་སུ་བསྒྱུར། ཁྱབ་ཁོངས་ཀྱི་སློབ་གསོ་དོ་མཉམ་པའི་ངང་འཕེལ་རྒྱས་སུ་གཏོང་བའི་བྱ་བ་མངོན་འགྱུར་བྱེད་དགོས་ན། ངེས་པར་དུ་རོང་འབྲོག་ཕྱོགས་ཀྱི་འོས་འགན་སློབ་གསོ་དང་། དགེ་རྒན་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་སྲོག་ཤིང་བྱ་བ་དམ་འཛིན་བྱེད་དགོས་པ་དང་། སློབ་གྲྭའི་ཏང་འཛུགས་དང་བསམ་བློའི་ཆབ་སྲིད་བྱ་བར་འགན་སྲུང་བྱེད་པ། སློབ་གཙོའི་བྱ་བར་ཤུགས་སྣོན་དགོས་པ་དང་། དགེ་རྒན་གྱི་དཔུང་སྡེ་ཇེ་ཆེར་གཏོང་བ། གསོ་སྦྱོང་དང་། དོ་དམ། ཁ་གཏད་རོགས་སྐྱོར་སོགས་བྱ་བར་ཤུགས་སྣོན་པ་དང་། རྒྱུན་ཆད་མེད་པར་སློབ་ཁྲིད་ཀྱི་སྤུས་ཚད་ཇེ་མཐོར་བཏང་ནས། སློབ་གསོའི་ལས་དོན་བཟང་ཞིང་མགྱོགས་པོའི་སྒོ་ནས་འཕེལ་རྒྱས་སུ་གཏོང་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག