མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཐུན་ཏེ་རྫོང་གིས་ནུས་ཤུགས་ཡོད་ཚད་སྤྱད་དེ“དམངས་ཡོངས་ཀྱིས་ལས་ཀ་གསར་སྐྲུན་བྱེད་པའི”བྱ་འགུལ་སྤེལ་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-05-29 11:12

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ད་ལོར།  མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་ནུས་ཤུགས་ཡོད་ཚད་སྤྱད་ནས“དམངས་ཡོངས་ཀྱིས་ལས་ཀ་གསར་སྐྲུན་བྱེད་པའི”བྱ་འགུལ་སྤེལ་བ་དང་།  ལས་ཀ་གསར་སྐྲུན་བྱེད་གསོ་སྦྱོང་བྱ་འགུལ་སྤེལ་བ་དང་གྲངས་འབོར་ཆུང་ངུའི་དངུལ་བུན་འགྲེམ་གཏོང་བྱེད་པ།  རྣམ་གྲངས་མཚམས་སྦྱོར་བྱེད་པ།  ལས་ཀའི་གསར་སྐྲུན་ཞབས་ཞུ་སྒྲུབ་པ་སོགས་གླེང་ཕྱོགས་སྟེང་ནས་ལས་ཀ་གསར་སྐྲུན་བྱེད་པའི་སྟེགས་བུར་མཛུབ་སྟོན་བྱས་པ་བརྒྱུད།  ལས་ཞུགས་དང་ཡང་བསྐྱར་ལས་ཞུགས་བྱ་བ་འཕར་རིམ་གསར་བ་སྙེགས་པར་སྐུལ་འདེད་བྱས།  ལོ་འདིའི་ནང་འཆར་འགོད་ལྟར་ན་ལས་ཀའི་གསར་སྐྲུན་གསོ་སྦྱོང་འཛིན་གྲྭ་ཐེངས8ལ་སྤེལ་རྒྱུ་ཡིན་པ་དང་།  གྲངས་འབོར་ཆུང་བའི་དངུལ་བུན་སྒོར་ཁྲི800འགྲེམ་གཏོང་བྱེད་རྒྱུ་ཡིན་པ་དང་།  རྣམ་གྲངས་མཚམས་སྦྱོར་བྱ་འགུལ་ཐེངས12ལ་སྤེལ་བ་བརྒྱུད།  མཁར་གྲོང་གི་ལས་ཞུགས་མི་སྣ506ལ་འཕར་བ་དང་རོང་འབྲོག་ཁུལ་གྱི་རྩོལ་ཤུགས་ལྷག་མ8000ལ་ལས་གནས་སྐྲུན་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག