མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་ལས་ཁུངས་བཅུས་མཉམ་འབྲེལ་སྒོས“དྲུག་གཅིག”བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱ་འགུལ་རབ་དང་རིམ་པ་སྤེལ་བ།

རྩོམ་པ་པོ། ལོ་ཙཱ་བ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-26 10:55

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ཐོན་ལ་ཉེ་བའི་སྐབས་འདིར། མཚོ་སྔོན་ཞིང་ཆེན་གྱི་ལས་ཁུངས་བཅུས་མཉམ་འབྲེལ་སྒོས“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱ་འགུལ་རབ་དང་རིམ་པ་སྤེལ་ཏེ། སྟོབས་ཤུགས་ཡོད་དགུས་སྤྱི་ཚོགས་ཡོངས་སུ་བྱིས་པར་སེམས་ཁུར་བྱེད་པ་དང་བྱིས་པ་བདེ་བླག་ངང་འཚར་ལོངས་ཡོང་བར་བྱེད་པའི་ཁོར་ཡུག་བཟང་བོ་བསྐྲུན།

    ཐེངས་འདིའི“དྲུག་གཅིག”བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱ་འགུལ་རབ་དང་རིམ་པའི་ནང་དོན་ཁག་གསུམ་ལ་བགོས་ཡོད་པ་སྟེ། གཅིག་ནི་སྟོབས་ཤུགས་ཡོད་དགུས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་མ་ལག་དང་ཀྲུང་གོའི་ཕུགས་འདུན་ཞེས་པའི་སློབ་སྦྱོང་དང་སློབ་གསོའི་བྱ་འགུལ་སྤེལ་དགོས་པ་དང་། གཉིས་ནི་བྱིས་པ་བདེ་བླག་ངང་འཚར་ལོངས་འབྱུང་བར་ཕན་པའི་སྤྱི་ཚོགས་ཀྱི་རིག་གནས་ཁོར་ཡུག་ཧུར་ཐག་སྒོས་བསྐྲུན་དགོས། གསུམ་ནི་དམིགས་བསལ་དང་དཀའ་ཁག་ཅན་གྱི་བྱིས་པའི་ཚོགས་པར་དོན་བཟང་དང་དོན་དངོས་སྒྲུབ་དགོས་པ་བཅས་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག