མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རབ་མཛེས་མཚོ་སྔོན་གནས་སྐོར་ངོ་སྤྲོད་ཚོགས་པ་ཁྲུང་ཆིན་གནས་སྐོར་འགྲེམ་སྟོན་ཚོགས་འདུར་ཞུགས་པ།

རྩོམ་པ་པོ། ལོ་ཙཱ་བ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-26 10:54

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་བའི་ཚེས་ཉེར་ལྔ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནས་སྐོར་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ་གྲོལ་བའི་རྒྱལ་ཁབ་གནས་སྐོར་ཅུའུ་དང་ཁྲུང་ཆིན་གྲོང་ཁྱེར་མི་དམངས་སྲིད་གཞུང་གཉིས་ཀྱིས་མཉམ་དུ་བསྒྲུབས་པའི2013ལོའི་ཀྲུང་གོ་གནས་སྐོར་ཉིན་མོ་ཞེས་པ་དང་ནུབ་རྒྱུད་གནས་སྐོར་ཐོན་ལས་འགྲེམ་སྟོན་ཚོགས་འདུ་ཐེངས་གསུམ་པའི་སྟེང་། མཚོ་སྔོན་ཞིང་ཆེན་གནས་སྐོར་ཅུའུ་ཡིས་རབ་མཛེས་མཚོ་སྔོན་ཞེས་པའི་གནས་སྐོར་ལས་གཞི་མང་པོར་གྲོས་མཐུན་བཀོད།

    མཚོ་སྔོན་ཞིང་ཆེན་གནས་སྐོར་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཝང་ཧྲུའུ་མའོ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། ཁྲུང་ཆིན་ནི་མཚོ་སྔོན་དུ་གནས་སྐོར་ལ་ཡོང་བའི་གནས་སྐོར་བ་ཆེས་མང་བའི་ས་ཁུལ་གལ་ཆེན་ནང་གི་གཅིག་ཡིན། བསྡོམས་རྩིས་རགས་ཙམ་བྱས་པ་ལྟར་ན། 2012ལོར་མཚོ་སྔོན་དུ་ཡོང་བའི་ཁྲུང་ཆིན་གྲོང་ཁྱེར་གྱི་གནས་སྐོར་བ་འབུམ་གཉིས་དང་ཁྲི་གསུམ་ལྷག་ལ་བསླེབས་པས། ལོ་སྔོན་མ་ལས་བརྒྱ་ཆའི་རེ་བརྒྱད་ལྷག་འཕར།

    གྲོས་ཚོགས་སྟེང་། ཁྲི་ཀ་རྫོང་གནས་སྐོར་གསར་སྤེལ་དོ་དམ་ཨུ་ཡོན་ལྷན་ཁང་དང་ཀྲུང་གོ་གནས་སྐོར་སྤྱི་ཁྱབ་ཁང་མཚོ་སྔོན་ཚད་ཡོད་ཀུང་ཟི་ཁྲི་ཀ་ཡན་ལག་ཀུང་ཟི་དང་། ཁྲི་ཀའི་སིལ་ཏོག་གནས་སྐོར་སྣེ་ལེན་ཁང་བཅས་ཀྱིས་ཁྲུང་ཆིན་ཀྲུང་གོ་གནས་སྐོར་སྣེ་ལེན་ཁང་སྡེ་ཚོགས་ཚད་ཡོད་ཀུང་ཟི་དང་། ཀྲུང་གོ་གནས་སྐོར་སྤྱི་ཁྱབ་ཁང་ཁྲུང་ཆིན་ཚད་ཡོད་ཀུང་ཟི་དང2013ལོའི་རབ་མཛེས་མཚོ་སྔོན་ཞེས་པའི་ཁྲུང་ཆིན་གྲོང་ཁྱེར་གྱི་མི་ཁྲི་ལྷག་ཁྲི་ཀ་རྫོང་ལ་གནས་སྐོར་ལ་ཡོང་བའི་བྱ་འགུལ་གྱི་གྲོས་མཐུན་ཡི་གེ་བཀོད། ད་ལོར་ཁྲུང་ཆིན་ཕྱོགས་ཀྱིས་གནས་སྐོར་བ་ཁྲི་ལྷག་རྩ་འཛུགས་བྱས་ཏེ་མཚོ་སྔོན་དུ་གནས་སྐོར་ལ་ཡོང་རྒྱུ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག