མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

«འཆམ་མཐུན་བོད་ཡུལ་གཏམ་གྱིས་འགྲིམ་པའི་གླེགས་བམ»ཞེས་པའི་བཅར་འདྲིའི་བྱ་འགུལ་དངོས་སུ་སྤེལ་མགོ་བརྩམས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-26 10:54

QQ图片20130525103420.jpg

    ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱིས་མཉམ་འབྲེལ་སྒོས་སྒྲུབ་པའི་བཅར་འདྲིའི་བྱ་འགུལ་ཆེན་པོ«འཆམ་མཐུན་བོད་ཡུལ་གཏམ་གྱིས་འགྲིམ་པའི་གླེགས་བམ»ཞེས་པ་དངོས་སུ་སྤེལ་མགོ་རྩོམ་པའི་མཛད་སྒོ་ཟི་ལིང་ནས་བསྡུས།

    རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཕྱུག་ལོ་ཡིས་བཀོད་པའི་གསར་འགྱུར།

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱིས་མཉམ་འབྲེལ་སྒོས་སྒྲུབ་པའི་བཅར་འདྲིའི་བྱ་འགུལ་ཆེན་པོ«འཆམ་མཐུན་བོད་ཡུལ་གཏམ་གྱིས་འགྲིམ་པའི་གླེགས་བམ»ཞེས་པ་དངོས་སུ་སྤེལ་མགོ་རྩོམ་པའི་མཛད་སྒོ་ཟི་ལིང་ནས་བསྡུས།

    མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་མཱེ་དབྱི་དང་། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་སྤྱིའི་རྩོམ་སྒྲིག་པ་གཞོན་པ་ཏུའུ་ཟི་ཁུན། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཐེ་ཀྲང་གཞོན་པ་རྣ་བྷ། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན་གྱི་སྤྱིའི་ལྟ་སྐུལ་པ་ཚེ་དགའ་སོགས་འབྲེལ་ཡོད་མགོ་ཁྲིད་དང་། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་ལས་བྱེད་མི་སྣ་རྣམས་མཛད་སྒོར་ཞུགས།

    ཐེངས་འདིའི«འཆམ་མཐུན་བོད་ཡུལ་གཏམ་གྱིས་འགྲིམ་པའི་གླེགས་བམ»ཞེས་པའི་བཅར་འདྲིའི་བྱ་འགུལ་ཆེན་པོ་ནི་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱིས་གཞི་རིམ་ལ་བསྐྱོད་པ་དང་སྤྱོད་ཚུལ་བསྲིང་བ། རྩོམ་སྲོལ་བསྒྱུར་བ་བཅས་ཀྱི་བྱ་འགུལ་དང་ཟུང་འབྲེལ་བྱས་ཏེ་སྤེལ་བའི་བཅར་འདྲིའི་བྱ་འགུལ་ཆེན་པོ་ཞིག་རེད།

    མཚོ་སྔོན་ནི་བོད་ལྗོངས་ལས་གཞན་པའི་བོད་རིགས་འདུས་སྡོད་ས་ཆ་གཙོ་བོ་ཞིག་ཡིན་པ་དང་། གནས་འདི་རུ་བོད་སྐད་རླུང་འཕྲིན་ལ་དྲིལ་སྒྲོག་བྱེད་ཚད་མགྱོགས་ཤིང་ཁྱབ་རྒྱ་ཆེ་བའི་ཐུན་མིན་གྱི་ཁྱབ་སྟོབས་ལྡན། ད་ལོར་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན་གྱིས་ཐོག་དང་པོར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་ལ་མཉམ་འབྲེལ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་རང་སྐྱོང་ཁུལ་གསུམ་སྟེ་མཚོ་བྱང་དང་མཚོ་ལྷོ། རྨ་ལྷོ་བཅས་ཀྱི་ཁུལ་བཙུགས་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་དང་ཡུལ་ཤུལ་ས་འགུལ་གྱི་ལོ་གསུམ་གྱི་བསྐྱར་འཛུགས་མཇུག་སྒྲིལ་བའི་ལོ་འདིའི་གོ་སྐབས་དམ་དུ་བཟུང་ནས། «འཆམ་མཐུན་བོད་ཡུལ་གཏམ་གྱིས་འགྲིམ་པའི་གླེགས་བམ»ཞེས་པའི་བཅར་འདྲིའི་བྱ་འགུལ་སྤེལ་བ་རེད།

    ཐེངས་འདིའི་བཅར་འདྲིའི་བྱ་འགུལ་གྱི་བརྗོད་བྱ་ཧ་ཅང་གསལ་བོ་ཡིན་ཏེ། ཀྲུངདབྱང་གིས་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བ་བསྡུས་རྗེས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཚོ་སྔོན་སོགས་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མྱུར་དུ་འཕེལ་རྒྱས་སུ་གཏོང་བའི་སྲིད་ཇུས་གཏན་ལ་ཕབ་རྗེས། མཚོ་སྔོན་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་འགྱུར་ལྡོག་ཆེན་པོ་དང་། ཡུལ་ཤུལ་གྱི་ལོ་གསུམ་གྱི་བསྐྱར་འཛུགས་གྲུབ་འབྲས་འབུར་དུ་ཐོན་པར་བྱེད་རྒྱུ་དེ་རེད། བཅར་འདྲིའི་བརྗོད་བྱ་འདི་ལ་དམིགས་ཏེ། «འཆམ་མཐུན་བོད་ཡུལ་གཏམ་གྱིས་འགྲིམ་པའི་གླེགས་བམ»དེར་བཅར་འདྲི་ཚན་ཁག་དྲུག་ཡོད་ལ། ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན་ནས་མགོ་བརྩམས་ཏེ་ཟླ་བདུན་པའི་བར་དུ་མཚོ་སྔོན་གྱི་ཁུལ་དྲུག་དང་ས་ཁུལ་གཅིག གྲོང་ཁྱེར་གཅིག་བཅས་སུ་སོང་སྟེ། ཁྱོན་ཡོངས་དང་ཕྱོགས་མང་བོ་ནས་མཚོ་སྔོན་བོད་ཁུལ་གྱི་རོང་འབྲོག་སྡེ་གསར་བའི་འགྱུར་ལྡོག་དང་། བོད་ཁུལ་གྱི་མཁར་གྲོང་ཅན། སྐྱེ་ཁམས་སྲུང་སྐྱོབ། དམངས་འཚོ་ལེགས་བཅོས་སོགས་ཐད་ཀྱི་གྲུབ་འབྲས་དྲིལ་སྒྲོག་བྱེད་རྒྱུ་རེད།

    བཅར་འདྲིའི་འཆར་གཞི་ལྟར་ན། བཅར་འདྲིའི་སྐབས་སུ་ཁ་པར་ལས་གནས་ཚུལ་ཐད་གཏོང་བྱེད་པ་དང་། སྒྲ་བླངས་ནས་བཅར་འདྲི་བྱེད་པ། དྲ་ཚིགས་ལས་དྲིལ་སྒྲོག་བྱེད་པ་སོགས་ཀྱི་རྣམ་པ་སྤྱད་དེ་ཀྲུང་དབྱང་དང་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་ད་ལྟའི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་རྒྱུ་ཡིན་ལ། ཡི་གེ་དང་སྒྲ། པར་རིས་གསུམ་ལ་བརྟེན་ནས་དྲིལ་སྒྲོག་གི་ཕན་འབྲས་བཟང་བོ་བརྩོན་ལེན་བྱེད་རྒྱུ་རེད།

    «འཆམ་མཐུན་བོད་ཡུལ་གཏམ་གྱིས་འགྲིམ་པའི་གླེགས་བམ»ཞེས་པའི་བཅར་འདྲིའི་བྱ་འགུལ་སྐབས་སུ་སྒྲ་བླངས་ཏེ་གསར་འགྱུར་ཆེད་རྩོམ་ལྔ་བཅུ་སྤེལ་རྩིས་ཡོད་ལ། དེ་དག་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན་གྱི་དབུས་གཙང་སྐད་ཀྱི་ལེ་ཚན་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱི་ཨ་མདོའི་ལེ་ཚན་ལས་གཏོང་རྒྱུ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག