མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སྔར་ལས་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བཅས་བྱེད་པར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ།

རྩོམ་པ་པོ། ལོ་ཙཱ་བ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-26 10:54

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སྔར་ལས་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བཅས་བྱེད་པ་དང་། ཞིང་ཆེན་ཡོངས་སུ་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་སོགས་ཀྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

    གྲོས་ཚོགས་སྟེང་བསྟན་དོན། ད་ལྟ་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་ཏུ་ཞིང་ཆེན་ཡོངས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་རིམ་ལྡན་པའི་ངང་སློབ་སློབ་བྱེད་པ་དེ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལ་སྔར་ལས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཟེར།  ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དམིགས་འབེན་དང་ལས་འགན་གཏན་འཁེལ་གསལ་བོ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་ལ་སློབ་སྦྱོང་བྱེད་པ་དེ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དང་ཟུང་འབྲེལ་དམ་པོ་བྱས་ནས། དེར་གོ་བ་ཟབ་མོ་ལེན་པ་དང་དོན་དངོས་དང་ཟུང་འབྲེལ་བྱེད་པ། བྱ་བར་མཛུབ་སྟོན་བཅས་བྱས་ནས། སློབ་སྦྱོང་གི་གྲུབ་འབྲས་དེ་ལས་དོན་སྣ་ཚོགས་འཕེལ་རྒྱས་སུ་གཏོང་བའི་སྐུལ་ཤུགས་སུ་བསྒྱུར་དགོས་ཟེར།

    ཚོགས་ཐོག་ནས་ཀྲུང་དབྱང་གི་ཏང་ཡོངས་སུ་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་བསམ་འཆར་དགོངས་དོན་ལ་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་ཡོངས་སུ་དམངས་ཀྱི་དོན་དུ་དོན་དངོས་སྒྲུབ་པ་ནང་དོན་གཙོ་བོ་ཡིན་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་རྒྱུ་དེ་ནི་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྟེང་གཏན་ལ་ཕབ་པའི་འཐབ་ཇུས་དང་བཀོད་སྒྲིག་ཡིན་ལ། བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་ཏང་བཅོས་སྐྱོང་ནན་མོ་བྱེད་པ་རྒྱུན་འཁྱོངས་དང་། ཏང་འཛུགས་སྐྲུན་ལ་ཤུགས་སྣོན་པའི་འཐབ་ཇུས་གལ་ཆེན་ཞིག་ཀྱང་ཡིན་པས། ང་ཚོས་ངེས་པར་དུ་བསམ་བློའི་གོ་རྟོགས་མཐོན་པོ་བཅངས་པ་དང་། མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་དམ་པོ་བྱས་ནས། སློབ་གསོའི་ལག་ལེན་བྱ་འགུལ་གྱི་མཛུབ་སྟོན་བསམ་བློ་དང་དམིགས་འབེན། རེ་བ། བྱེད་ཐབས་སོགས་དང་། དེ་མིན་ཐག་གཅོད་དགོས་པའི་གནད་དོན་གཙོ་བོ་བཅས་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ། སློབ་གསོའི་ལག་ལེན་བྱ་འགུལ་ཕན་འབྲས་ལྡན་པའི་ངང་སྤེལ་བར་དངོས་སུ་ཁག་ཐེག་བྱེད་དགོས་ཟེར།

    ཚོགས་ཐོག་ནས་ད་རུང«སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་བསམ་འཆར»དང«གནས་བབ་གསར་བའི་འོག་གི་སློབ་གྲྭ་འབྲིང་ཆུང་གི་ཏང་འཛུགས་སྐྲུན་དང་བསམ་བློའི་ཆབ་སྲིད་བྱ་བར་སྔར་ལས་གཙིགས་འཛིན་བྱེད་པའི་སྐོར་གྱི་བསམ་འཆར»ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

    ཚོགས་ཐོག་ནས་ད་རུང་དོན་དག་གཞན་པར་ཞིབ་འཇུག་བྱས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག