མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཏང་སྲིད་དམག་གསུམ་དང་ཁེ་ལས་ཀྱིས་སྒོར་མོ་ས་ཡ་གཉིས་ལྷག་བཏང་ནས་པད་མ་རྫོང་གི་མཉམ་འཛུགས་སྡེ་བའི་ལས་གཞི་ལག་བསྟར་བྱས་པ།

རྩོམ་པ་པོ། ལོ་ཙཱ་བ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-26 10:54

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཞིང་ཆེན་ས་ཁམས་གཏེར་ཁ་ཅུའུ་དང་པད་མ་རྫོང་མི་དམངས་སྲིད་གཞུང་གཉིས་ཀྱིས་ཏང་སྲིད་དམག་གསུམ་དང་ཁེ་ལས་ཀྱིས་དཔེ་སྟོན་སྡེ་བ་མཉམ་འཛུགས་བྱེད་པའི་བྱེད་སྒོའི་ཁྲོད་ཀྱི་པད་མ་རྫོང་སྡི་མདའ་ཞང་པན་ཆེན་སྡེ་བ་མཉམ་འཛུགས་བྱེད་པའི་ཐད་ཀྱི་གྲོས་དོན་ཡིག་ཆ་བཞག

    མཚོ་སྔོན་ཞིང་ཆེན་ཇུས་གཞི་འཆར་འགོད་ཞིབ་འཇུག་ཁང་གིས་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད་ནས་ཆོག་མཆན་ཐོབ་པའི་པན་ཆེན་སྡེ་བའི་འཛུགས་སྐྲུན་ཇུས་གཞི་དེའི་ཞིབ་འཇུག་བརྟག་དཔྱད་བྱས་པའི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། ཕྱོགས་གཉིས་ཀས་ནན་ཏན་གྱིས་མཉམ་འཛུགས་ལས་གཞི་གདམ་གསེས་བྱས་མཐར། པན་ཆེན་སྡེ་བའི་རིག་གནས་ཐང་ཆེན་དང་ལྒང་ལི་རྒྱག་ས། ལུས་རྩལ་སྦྱོང་བརྡར་ཡོ་བྱད། ཉི་འོད་ནུས་པའི་ལམ་གློག་སོ་དྲུག སྤྱོད་ཁང་གསུམ། ཁྱིམ་ཚང་བརྒྱ་དང་བདུན་གྱི་ཁང་གྱང་ལ་ཚོན་བྱུགས་པ་སོགས་ཀྱི་ལས་གཞི་བཀོད་སྒྲིག་བྱེད་རྒྱུའི་ཐག་བཅད་པ་མ་ཟད་དེའི་ཐད་ལ་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་དགུ་ཁྲི་བརྒྱད་བཏང་། དེ་དང་མཉམ་དུ་གྲོས་མཐུན་བྱུང་བའི་མ་དངུལ་ལས་གཞན་ད་དུང་སྒོར་འབུམ་གཉིས་བཏང་ནས་མི་ཕྱུགས་གཉིས་ཀྱི་འཐུང་ཆུའི་བདེ་འཇགས་བཟོ་སྐྲུན་ཐད་ལ་བཀོལ་རྒྱུ་ཡིན་པ་དང་། ལས་གཞི་དེ་ཞིང་ཆེན་ས་ཁམས་གཏེར་འདོན་ཅུའུ་ཡིས་རྩ་འཛུགས་བྱས་ནས་འཛུགས་སྐྲུན་བྱེད་རྒྱུ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག