མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

བོད་ཀྱི་རིག་གནས་ཐོན་ལས་གསར་འདོན་གླིང་གི་རིག་རྩལ་འཚོལ་སྡུད་བྱ་འགུལ་གྱི་འགོ་རྩོམ་མཛད་སྒོ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2013-05-25 12:00

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས24ཉིན་གྱི་སྔ་དྲོ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་བའི་སྐབས་དང་བསྟུན་ཏེ། བོད་ཀྱི་རིག་གནས་ཐོན་ལས་གསར་འདོན་གླིང་གི་རིག་རྩལ་འཚོལ་སྡུད་བྱ་འགུལ་གྱི་འགོ་རྩོམ་མཛད་སྒོ་དེ་བོད་ཀྱི་རིག་གནས་ཐོན་ལས་གསར་འདོན་གླིང་གི་ཐང་ཆེན་དུ་སྤེལ་ཞིང་། འབྲེལ་ཡོད་འགོ་ཁྲིད་དག་དང་ཡིག་གཟུགས་མཁས་པ། རི་མོའི་སྒྱུ་རྩལ་པ་སོགས་ཐེངས་འདིའི་མཛད་སྒོར་ཞུགས།

ཐེངས་འདིའི་བྱ་འགུལ་ནི་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་། མཚོ་ལྷོ་ཁུལ་ཨུའི་དྲིལ་སྒྲོག་པུའུ། མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། མཚོ་སྔོན་ལུང་ཧོ་ཚད་ཡོད་ཀུང་ཟི་བཅས་ཀྱིས་གཙོ་སྒྲུབ་དང་། མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཅུའུ་དང་། མཚོ་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། མཚོ་ལྷོ་ཁུལ་བརྙན་འཕྲིན་ཁང་། མཚོ་ལྷོའི་ཚགས་པར་ཁང་བཅས་ཀྱིས་རོགས་སྒྲུབ། མཚོ་ལྷོ་ཁུལ་ལུང་ཧོ་བོད་ཀྱི་རིག་གནས་ཐོན་ལས་གསར་འདོན་གླིང་ཚད་ཡོད་ཀུང་ཟིས་འགན་སྒྲུབ་གནང་། མཛད་སྒོ་མཇུག་སྒྲིལ་རྗེས། ཡིག་གཟུགས་མཁས་པ་དང་རི་མོ་སྒྱུ་རྩལ་པ་རྣམས་ཀྱིས་ཡུལ་དངོས་སུ་ཡིག་གཟུགས་དང་རི་མོ་བྲིས་ཏེ་རང་སོ་སོའི་ཁྱད་ནུས་མངོན་པར་བཏོད་པ་དང་། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁུའེ་སོགས་འགོ་ཁྲིད་རྣམས་ཡུལ་དངོས་སུ་གཟིགས་ཞིབ་ཏུ་ཕེབས་པ་རེད།

བོད་ཀྱི་རིག་གནས་ཐོན་ལས་གླིང་ག་འདི་ནི་མཚོ་ལྷོ་ཁུལ་གྱི་ཐོག་དང་པོའི་ཡུལ་སྐོར་ལྗོངས་རྒྱུ་དང་། སྤྲོ་སྐྱིད། ངལ་གསོ་བསྟི་གནས།ཉོ་ཚོང་བྱེད་ས་སོགས་སྣ་འཛོམས་ལྡན་པའི་ཚོང་ལས་རང་བཞིན་གྱི་ཆ་དོད་པོའི་གནས་ཤིག་རེད།འཛུགས་སྐྲུན་གྱི་ཆ་ཡོངས་སུ་ཨ་མདོའི་ཁྱད་ཆོས་དང་མཚོན་པར་བྱེད་ཅིང། ས་གནས་ཀྱི་ཁྱད་ཆོས་དང་། མི་རིགས་ཀྱི་ཁྱད་ཆོས། དུས་རབས་ཀྱི་ཁྱད་ཆོས་འབུར་དུ་བཏོད་ཡོད་དེ། རྒྱ་ཆེ་བའི་གྲོང་ཁྱེར་མི་དམངས་དང་ཚོང་གཉེར་ཡུལ་སྐོར་མགྲོན་པོ་རྣམས་ལ་ཡུལ་སྐོར་དང་ཚོང་གཉེར།ངལ་གསོ་སྤྲོ་སྐྱིད་གཏོང་བར་ཁོར་ཡུག་ཡག་པོ་ཞིག་སྐྲུན་ཞིང་། གུང་ཧོ་རྫོང་གི་ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ཐད་སྐུལ་འདེད་ཆེན་པོ་ཐེབས་ངེས་པ་རེད།

        བོད་ཀྱི་རིག་གནས་ཐོན་ལས་གསར་འདོན་གླིང་གི་རིག་རྩལ་འཚོལ་སྡུད་བྱ་འགུལ་གྱི་འགོ་རྩོམ་མཛད་སྒོ།

             ཐེངས་འདིའི་བྱ་འགུལ་ཁྲོད་བྲིས་པའི་ཡིག་གཟུགས་དང་རི་མོ་དག

                     ཡུག་གཟུགས་ཀྱི་རྩལ་ངོམ་པ། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག