མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་དུག་འགོག་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་པ།

རྩོམ་པ་པོ། ལོ་ཙཱ་བ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-05-25 11:59

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་དུག་འགོག་བྱ་བའི་གྲོས་ཚོགས་བསྡུས་ནས། མཚོ་སྔོན་ཞིང་ཆེན་གྱི་དུག་འགོག་བྱ་བར་དབྱེ་ཞིབ་དང་སྤྱི་བསྡོམས་བྱས་པ་དང་མཉམ་དུ། དུག་འགོག་བྱ་བའི་སྔོན་ཐོན་ཐུན་མོང་དང་མི་སྒེར་སྐོར་ཞིག་ལ་གཟེངས་བསྟོད་བྱས།

ཟླ5པའི་ཚེས23ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི་དུག་འགོག་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར། ན་ནིང་མཚོ་སྔོན་ཞིང་ཆེན་གྱི་དུག་འགོག་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ་པའི་ལོ་ཞིག་ཡིན། རིམ་པ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་ལས་ཁུངས་ཀྱིས་མཚོ་སྔོན་བཅོས་བསྒྱུར་འཕེལ་རྒྱས་དང་བརྟན་འཇགས་ཀྱི་ཁྱོན་ཡོངས་ལ་དམིགས་ཏེ། དུག་རྫས་ནག་ཉེས་ལ་ཆམ་ཕབ་གཏོང་བའི་རྣམ་པ་བཟང་བོ་ནམ་ཡང་རྒྱུན་འཁྱོངས་བྱས་ནས། ཧུར་ཐག་སྒོས་དུག་གཅོད་བྱ་བ་འཛིན་པ་དང་དུག་འཐེན་མི་སྣའི་སྲོག་བསྐྱབས་པར་མ་ཟད། དུག་འགོག་སྤྱི་ཚོགས་བྱ་བ་བཟང་བོར་སྒྲུབ་པ་དང་། དུག་རྫས་ཀྱི་སྤྱི་ཚོགས་ཀྱི་གནོད་པ་ཧུར་ཐག་སྒོས་ཇེ་ཉུང་དུ་བཏང་སྟེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དེར་ཁས་ལེན་གང་ལེགས་བྱས། ཕྱིན་ཆད་མཚོ་སྔོན་ཞིང་ཆེན་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་ནག་ཉེས་བྱ་འགུལ་སྣ་ཚོགས་ལ་ཆམ་ཕབ་དྲག་པོ་གཏོང་བ་དང་། དུག་འཐེན་མི་སྣའི་དོ་དམ་ཞབས་ཞུའི་བྱ་བ་སྔར་ལས་གསར་བསྐྲུན་བྱས་ནས། དུག་རྫས་སྔོན་འགོག་དང་དོ་དམ་ཚོད་འཛིན་བྱེད་པར་ཤུགས་བསྣན་ཏེ། སྟོབས་ཤུགས་ཡོད་དགུས་དུག་འགོག་བྱ་བ་བཟང་བོར་བསྒྲུབ་རྒྱུ་ཡིན་ཟེར།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག