མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ནོར་སྲིད་ཀྱིས་ཞིང་ལས་ལ་རོགས་སྐྱོར་བྱེད་པའི་ལམ་ལུགས་ཀྱིས་མཚོ་སྔོན་གྱི་ཞིང་ཕྱུགས་ལས་ཀྱི་རྣམ་པ་བསྒྱུར་བ་དང་རིམ་པ་འཕར་བར་སྐུལ་འདེད་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-24 11:24

   ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་ནོར་སྲིད་ཀྱིས་ཞིང་ཕྱུགས་ལས་ལ་རོགས་སྐྱོར་བྱེད་པའི་ཡུན་རིང་ལ་གོ་ཆོད་པའི་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ། ཞིང་ཕྱུགས་ལས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པ་དང་ཚན་རྩལ་ཡར་ཐོན་ཡོང་བར་རོགས་སྐྱོར་བྱས། ད་ལྟའི་བར་དུ། མཚོ་སྔོན་ཞིང་ཆེན་གྱིས་ནོར་སྲིད་མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་བརྒྱད་བྱེ་བ་དགུ་དང་ས་ཡ་ལྔ་བཏང་སྟེ། ཞིང་ཕྱུགས་ལས་ཀྱི་རྣམ་པ་བསྒྱུར་བ་དང་རིམ་པ་འཕར་བར་རོགས་སྐྱོར་བྱས་པར་མ་ཟད། ཞིང་ཕྱུགས་ལས་གཞི་ཁྱོན་ཅན་དང་ལེགས་བསྡུས་ཞིབ་གཉེར་ཅན། ཚན་རྩལ་ཅན། རྩ་འཛུགས་ཅན་བཅས་སུ་བསྒྱུར་བར་ཧུར་ཐག་སྒོས་སྐུལ་འདེད་བཏང་།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག