མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་མི་སྣའི་ཕུགས་འདུན་དང་ཡིད་ཆེས་སློབ་གསོ་ལག་བསྟར་བྱེད་པའི་བྱ་འགུལ་མགོ་བརྩམས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-24 11:24

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་མི་སྣའི་ཕུགས་འདུན་དང་ཡིད་ཆེས་སློབ་གསོའི་བྱ་འགུལ་གྱི་སྐུལ་སློང་ཚོགས་འདུ་ཟི་ལིང་ནས་བསྡུས་པ་དང་། དེས་བྱ་འགུལ་དངོས་སུ་མགོ་བརྩམས་པ་མཚོན་ལ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་བསྟན་ཁོ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

ཞིན་ཆེན་ཡོངས་ཀྱི་སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་མི་སྣའི་ཕུགས་འདུན་དང་ཡིད་ཆེས་སློབ་གསོ་ལག་བསྟར་བྱེད་པའི་བྱ་འགུལ་གྱི་སྤྱིའི་རེ་འདུན་ནི། ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་སྒོ་ནས་གོང་འཕེལ་དུ་གཏོང་བའི་ལམ་ཕྱོགས་རྒྱུན་འཁྱོང་བྱས་ཏེ། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་དོན་འཁྱོལ་བྱས་ནས། མཐུན་སྒྲིལ་དམ་པོར་བྱེད་པ། ཞབས་ཞུ། སྣེ་ཁྲིད། སློབ་གསོའི་བྱེད་ཕྱོགས་སོགས་བརྒྱུད་ནས་སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་མི་སྣས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་ཡིད་ཆེས་བྱེད་པ། ཏང་དང་སྲིད་གཞུང་ལ་ཡིད་ཆེས་བྱེད་པ། ཁེ་ལས་གོང་འཕེལ་དུ་གཏོང་བའི་ཡིད་ཆེས་བཅས་ནང་དོན་གཙོ་བོར་བཟུང་ནས། སྤྱི་ལ་དབང་བའི་དཔལ་འབྱོར་བདེ་ལེགས་ངང་གོང་འཕེལ་དུ་གཏོང་བར་ཡར་སྐུལ་དང་སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་མི་སྣ་གོང་འཕེལ་དུ་གཏོང་བ་དམིགས་འབེན་བྱས་ནས། སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་མི་སྣར་སྣེ་ཁྲིད་བྱས་ནས་མཚོ་སྔོན་གསར་བ་འཛུགས་སྐྲུན་དང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་རྒྱུར་བློ་གྲོས་དང་ནུས་པ་འདོན་དགོས།

ཚོགས་འདུའི་རེ་བ་ཡིན་ན་རིམ་པ་སོ་སོའི་ཏང་ཨུ་དང་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་དང་ཏང་གི་བཟོ་པའི་ཨུ་ཡོན་ལྷན་ཚོགས་བཟོ་ཚོང་མཉམ་འབྲེལ་ཚོགས་པ། ཁོང་གཏོགས་ཚོང་ཚོགས་ཀྱིས་བྱ་འགུལ་གྱི་སྤྱིའི་རེ་བ་དང་དུས་མཚམས་ལྟར་བཀོད་སྒྲིག་བྱེད་པ། ཕན་ནུས་ལྡན་པའི་བྱེད་ཐབས་སྤྱད་ཏེ། ལས་འགན་ཡོད་ཚད་ཧུར་ཐག་གིས་བསྒྲུབ་ནས་བྱ་འགུལ་ཕན་འབྲས་ལྡན་པའི་ངང་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱེད་དགོས།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག