མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧའོ་ཕིན་གྱིས་མཚོ་སྔོན་སློབ་ཆེན་དུ་སློབ་མའི་སློབ་སྦྱོང་དང་འཚོ་བ་ལས་ཞུགས་སོགས་ཀྱི་གནས་ཚུལ་ལ་བརྟག་དཔྱད་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-05-24 10:26

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་བྱ་བར་དུས་ནམ་ཡིན་ཡང་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་དག་གིས་ཐུགས་ཁུར་བྱེད་བཞིན་ཡོད་ལ། སྤྱི་ཟླ5བའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་ཆེད་དུ་མཚོ་སྔོན་སློབ་ཆེན་དུ་སོང་སྟེ་ད་ལོའི་མཐར་ཕྱིན་སློབ་མ་ཁ་ཤས་དང་བཞུགས་མོལ་བྱས་པ་དང་།  ཁོ་ཚོའི་སློབ་སྦྱོང་དང་འཚོ་བ། ལས་ཞུགས་སྐོར་གྱི་གནས་ཚུལ་ལ་ནན་ཏན་སྒོས་རྒྱུས་ལོན་བྱས། ཁོང་གིས་སློབ་གྲྭ་ཆེན་མོ་བའི་ལས་ཞུགས་གནད་དོན་ཐག་གཅོད་བྱེད་པ་ནི་རིམ་པ་སོ་སོའི་སྲིད་གཞུང་གི་ལས་འགན་ཡིན་པ་དང་།  སྤྱི་ཚོགས་ཡོངས་ཀྱིས་དོ་སྣང་བྱས་ཏེ།  ནུས་ཤུགས་ཡོད་ཚད་སྒོས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་བྱ་བ་ལེགས་པོ་སྒྲུབ་དགོས་པར་བསྟན།

དེའི་རྗེས།  ཧའོ་ཕིན་གྱིས་དགེ་སློབ་རྣམས་དང་བཞུགས་མོལ་བྱས་ཤིང་།  དེང་སྐབས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་དང་།  ལས་ཀ་གསར་སྐྲུན་ཕྱོགས་ནས་བགྲོ་གླེང་བྱས།  སློབ་གྲྭ་ཆེན་མོ་བས་གཏམ་བཤད་ལ་ཉན་རྗེས།  ཧའོ་ཕིན་གྱིས་སློབ་གྲྭ་ཆེན་མོ་བ་ནི་རྒྱལ་ཁབ་ཀྱི་མི་ཤུགས་ཐོན་ཁུངས་གལ་ཆེན་ཡིན་པ་དང་།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་བྱ་བར་མཐོང་ཆེན་བྱེད་བཞིན་ཡོད།  དེང་སྐབས་རང་ཞིང་གི་སྤྱི་ཚོགས་དཔལ་འབྱོར་ལ་འཕེལ་རྒྱས་གསར་བ་འབྱུང་བཞིན་ཡོད་ལ།  བྱ་གཞག་སོ་སོ་ཕྱོགས་ཡོངས་སུ་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བཞིན་པའི་གནས་བབ་གསར་བ་འོག  ཆེས་དགོས་མཁོ་ཆེ་བ་ནི་ཤེས་ལྡན་མི་སྣ་ཡིན།  རིམ་པ་སོ་སོའི་སྲིད་གཞུང་གིས་ལས་ཞུགས་དང་ཚོང་རའི་མཛུབ་ཁྲིད་གཉིས་ཟུང་དུ་སྦྲེལ་བར་སྐུལ་འདེད་བྱས་ཏེ།  ལས་ཞུགས་ཐད་ཀྱི་སྲིད་ཇུས་ཡང་དག་སྐྲུན་པར་ཞིབ་འཇུག་བྱེད་དགོས་པ་དང་།  སྔར་ལས་གཏན་འཇགས་ཡིན་པའི་ལས་ཞུགས་ཁོར་ཡུག་དང་སྔར་ལས་འདྲ་མཉམ་ཡིན་པའི་ལས་ཞུགས་གོ་སྐབས་གསར་སྐྲུན་བྱས་པ་བརྒྱུད།  མཐར་ཕྱིན་སློབ་མ་རྣམས་ཁེ་ལས་ཆུང་འབྲིང་དང་རོང་འབྲོག་ས་ཁུལ། གཞི་རིམ་ལས་ཁུངས་དུ་ལས་ཞུགས་བྱེད་པར་སྐུལ་འདེད་བྱེད་དགོས་ཞེས་བསྟན།

ཧའོ་ཕིན་འཁོར་དང་བཅས་པ་སྔ་གཞུག་ཏུ་རྫས་འགྱུར་བཟོ་ལས་སློབ་གླིང་དང་།  ཨར་ལས་བཟོ་སྐྲུན་སློབ་གླིང་།  ཆུ་བེད་གློག་ཤུགས་སློབ་གླིང་བཅས་ཞིང་ཕྱུགས་སློབ་གླིང་གི་གཙོ་གནད་ཉམས་ཞིབ་ཁང་དང་།  ཁྱད་ལྡན་ཞིབ་འཇུག་ཁང་།  “211བཟོ་འགོད”ཤེས་ལྡན་མི་སྣ་གསོ་སྐྱོང་རྟེན་གཞི། ཁ་གཏད་རོགས་སྐྱོར་བྱ་བའི་གནས་ཚུལ་སོགས་ལ་ལྟ་ཞིབ་བྱས་པ་མ་ཟད།  སློབ་གྲྭས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་།  ཆེད་ལས་ཚན་ཁག་འཛུགས་སྐྲུན་སོགས་ལ་རྒྱུས་ལོན་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག